[A:༣༩༤]མཛད་པ་ཁྲོ་ལོའི་འགྱུར། དེས་མཛད་པའི་འཇམ་དཔལ་གྱི་བསྟོད་པ། རྗེས་གནང་གི་ཕྱག་ལེན་ཁྲོ་ལོས་མཛད་པ། འཇམ་དཀར་གྱི་ལོ་རྒྱུས་དང༌། རྩ་བའི་སྒྲུབ་ཐབས་ལས་ཁ་ཚར་བཞི་དང་བཅས་པ་རྣམས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པ་བཅས་དང༌། དམ་པ་རྒྱ་གར་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་སྐོར་ལ་སྒྲུབ་ཐབས་དམ་པ་སངས་རྒྱས་ཀྱིས་མཛད་པ། དེས་མཛད་པའི་འཇམ་དཔལ་གྱི་སྒྲུབ་པའི་རིམ་པ་ཚིག་ལྷུག་པ། བསྟོད་པ་མཛད་བྱང་མེད་པ། ཤེས་རབ་འཕེལ་བའི་དམིགས་པ་འཇམ་དཔལ་དམར་པོའི་གསུང་གི་རྫོགས་རིམ། འཇམ་དཔལ་གྱི་ཞལ་བལྟ་བའི་ཐབས། ཤེས་རབ་འཕེལ་བ་དང་དབང་དུ་བྱ་བའི་ཐབས། མུ་དྲཱ་དབང་དུ་བྱ་བ་མཛེས་མ་རྒྱན་འཁོར། གཞན་གྱི་ངག་རྐུ་བ། ཕ་རོལ་གྱི་ཤེས་རབ་འཕྲོག་པ། མངོན་ཤེས་སྒྲུབ་པ། རྐང་མགྱོགས་སྒྲུབ་པ། མིག་རྣོ་བ་སྨན་རྣམས་ཀྱི་ཐུན་ཚད། རལ་གྲིའི་རྒྱུ་དང་རིལ་བུའི་དབྱིབས་དང་ཁ་དོག་གཟའ་སྐར་དང་བཅས་པ་བསྟན་པ། རིལ་བུའི་གདན་གྱི་འཁོར་ལོའི་རྣམ་གཞག །རྗེས་གནང་གི་ཆོ་ག །སྒྲུབ་ཐབས་དང་རྗེས་གནང་གི་མཎྜལ་གྱི་རྣམ་གཞག །སྒྲུབ་པའི་ཚད་དང་བླང་དོར་བསྟན་པ། སཱཙྪ་དཀར་ནག་གི་ལས་སྦྱོར། དབང་སྡུད་འཁོར་ལོ་འབྲི་ཚུལ་གྱི་གསལ་བྱེད་མཛད་བྱང་མེད་པ་རྣམས་དང༌། གཤེགས་རིགས་ཀྱི་ཁྲོ་བོ་མི་གཡོ་བ་དཀར་པོའི་སྐོར་རྨོར་ཆེན་གྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ། མཁས་པ་ཡོན་ཏན་ཁྲིས་མཛད་པའི་མི་གཡོ་བ་དཀར་པོ་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོ། མི་གཡོ་བ་དཀར་པོའི་ཞལ་གདམས་གསུམ་གྱི་སྙན་བརྒྱུད་ཡི་གེར་བཀོད་པ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱའི་ཉམས་ལེན་གྱི་གནད་དང་བཅས་