[A:༣༩༦] སེར་བ་ཟློག་པ། རིམས་ནད་གསོ་བ། ཕྱུགས་གོད་སྲུང་བ། མི་ལོ་ནད་ཅན་གསོ་བ། ར་ལུག་ལ་སྤྱང་ཀི་སྲུང་བ། ནད་པའི་སྔས་སྲུང༌། ཞིང་གི་འབུ་སྲུང་བ། སྲིས་རྨེ་བའི་ཐབས། འགོང་པོ་སྲེག་པ་དང་བཅས་པ་རྣམས་དང༌། ཇོ་ལུགས་དམེ་བརྩེགས་ལྗང་ནག་གི་ལས་ཚོགས་སྐོར་ལ། ནད་པ་གྲིབ་ཀྱིས་ཕོག་པ་སྲུང་བ། ལམ་གྱི་གྲིབ་སྲུང་བ། སྨྱོན་པ་འདུལ་བ། སེར་བ་སྲུང་བ། རིམས་ནད་གསོ་བ། ཕྱུགས་གོད་སྲུང་བ། མི་ལོ་ནད་ཅན་གསོ་བ། ར་ལུགས་ལ་སྤྱང་ཀི་སྲུང་བ། འབྲས་ཕོལ་ལྷོག་པ་གསོ་བ། ནད་པའི་སྔས་སྲུང༌། ཞིང་ལ་འབུ་སྲིན་སྲུང་བ། བང་མཛོད་དུ་འགོང་པོ་ཞུགས་པ་སྲུང་བ། ནོར་ཕྱུགས་ལ་འགོང་པོ་རྗེས་སུ་འབྲང་བ་སྲེག་པ། དམེ་གྲིབ་སྲུང་བའི་ཐབས་ལོ་རྒྱུས་དང་བཅས་པ་རྣམས་དང༌། བྱ་རྒྱུད་ནོར་ཅན་གྱི་རིགས་ཇོ་བོ་ལུགས་ཀྱི་ཛཾ་དཀར་འབྲུག་ཞོན་ལྷ་ལྔའི་སྐོར་ལ། ཛཾ་དཀར་ལྷ་ལྔའི་སྒྲུབ་ཐབས་ཇོ་བོས་མཛད་པ་ལ་ནང་གསེས་སུ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ། གསང་བ་གྭའུ་ལ་བརྟེན་ནས་སྒྲུབ་པ་རྣམས་དང༌། ཐུགས་རྗེ་ཆེན་པོའི་སྤྱན་ཆབ་ལས་སྤྲུལ་པའི་ཛམྦྷ་ལས་ཇོ་བོ་ལ་གདམས་པ་གནང་བའི་ལོ་རྒྱུས། རྗེས་གནང་གི་ཐོ་ཡིག་ཨ་ཏི་ཤའི་མན་ངག་ལས་བྱུང་བ། བསྟོད་པ་ཇོ་བོས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པ་རྣམས་དང༌། ས་སྐྱའི་གསེར་ཆོས་བ་རི་ལུགས་ཀྱི་སེང་གདོང་སྔོན་མོའི་སྐོར་ལ། བྱད་མ་འབུམ་རྡུགས་ཀྱི་འཁོར་ལོར་གྲགས་པའི་མན་ངག་ལ་ནང་གསེས་སུ་གདམས་པ་བྱུང་ཚུལ། རྩ་བའི་སྒྲུབ་ཐབས། ལས་ཚོགས་ལ་ཟློག་པ། སྲུང་བ། བསད་པ། ཚེ་སྒྲུབ། ནོར་སྒྲུབ། དབང་སྡུད། སྲིའུ་གསོ་བ། ཆར་འབེབས་པ། ཆར་གཅོད་པ། ཞིང་གི་འབུ་སྲུང་བ། གཡག་ནད་གཅོད་པ། སད་སྲུང་