R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༩༧
[A:༣༩༧]བ། སེར་སྲུང༌། ཐོག་སྲུང༌། ལུག་ནད་སྲུང་བ། ཙེ་གེ་གཅོད་པ། ལྷོག་པ་སྲུང་བ། རིམས་སྲུང༌། འབྲུམ་སྲུང༌། འཁྲུག་གཅོད། མཚོན་སྲུང༌། གྲེ་འགག་སྲུང་བ། འགོ་ཡོར་སྲུང་བ། གཟའ་ནད་སྲུང་བ། ཇག་ཆིངས་ཏེ་ལས་ཚོགས་ཉེར་ལྔ་རྣམས་དང༌། མཁའ་འགྲོ་སྟོང་གི་སྲོག་སྙིང་ནང་ནས་ཕྱིར་ཟློག་པའི་ཐབས། སེང་གདོང་མའི་མན་ངག་ཡི་གེ་བཅུ་བཞིའི་ལས་ཚོགས། ཚིགས་བཅད་མ་ཕྱིར་ཟློག་ལུགས་གཅིག །ཚར་ཆེན་དང་མཁྱེན་བརྩེས་མཛད་པའི་སྒྲུབ་ཐབས་རྣམས་དང༌། གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་ལ། འཇམ་དཔལ་ནག་པོའི་རྗེས་གནང་བྱ་ཚུལ་གྱི་ཡིག་རྙིང༌། དེའི་ཉམས་ལེན་ཟབ་མོ་གནད་བཅུ་གཅིག་དང་ལྡན་པ་ཚར་ཆེན་གྱིས་མཛད་པར་གྲགས་པ། སྒྲུབ་ཐབས་གུ་གེ་པཎྜི་ཏས་མཛད་པ། ཡང་སྒྲུབ་ཐབས་མཛད་བྱང་མི་གསལ་བ་རྣམས་དང༌། ཡར་ལུང་ཀླུ་བའི་གསེར་ཆོས་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་སྐོར་ལ། སེང་གེ་སྒྲའི་མན་ངག་ཀླུ་པའི་གསེར་ཆོས་ཀྱི་ཡི་གེར་ཡར་ཀླུང་པས་ཞུ་དག་བྱས་པ། ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་ངག་འདོན་དང༌། རྨོར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་ཉུང་ངུ་བཅས་དང༌། གསེར་ཆོས་རྡོ་རྗེ་ཁྱུང་ཁྲའི་སྐོར་ལ། སྒྲུབ་ཐབས་ཡིག་རྙིང་མཇུག་ཏུ་བསྟོད་པ་ཤློ་ཀ་གཅིག་དང་བཅས་པ། གཏོར་མ་འབུལ་ཚུལ། བོང་ང་བསྟེན་ཐབས། ཁྱི་སྨྱོན་གསོ་ཐབས། གཉན་གསོ་བ། སྲུང་སྐུད་གདགས་པ། སྨན་ལ་བརྟེན་ནས་མཛེ་གསོ་བའི་རིལ་བུ་སོགས་རྒྱས་པར་བསྟན་པ། རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པའི་བསྟོད་པ། བཟླས་ལུང་སྟེར་བའི་མན་ངག་རྣམས་དང༌། དུས་འཁོར་ནས་བསྟན་པའི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ཚན་རྡོ་རྗེ་ཁྱུང་ཁྲའི་སྐོར་ལ། སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པའི་ཁྱུང་པོད་དཀར་ཆག །དེའི་ལས་ཚོགས་བྱིས་གདོན་བྱ་འདྲེ་བཅོས་པ།