R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༠
[A:༤༠༠] ལུང་བླང་བའི་མན་ངག །གོང་དཀར་རྡོ་རྗེ་གདན་པས་མཛད་པའི་རྗེས་གནང་གི་ཡིག་ཆུང་རྣམས་དང༌། སྙེ་མོ་གཏེར་སྟོན་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་གཏེར་ནས་སྤྱན་དྲངས་ཤིང་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་སྐོར་ལ། རྟ་མགྲིན་གསང་སྒྲུབ་ཀྱི་མངོན་རྟོགས་གཏེར་གཞུང༌། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བའི་ནང་གསེས་སུ་བསྒོམ་རིམ་བསྡུས་པ། ཛབ་དམིགས་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ། བར་ཆད་གཞོམ་པ། སྡེ་བརྒྱད་གཟིར་བ། ལིང་ག་དང་འཁོར་ལོ་ལ་བརྟེན་པའི་ལས་སྦྱོར། རྩ་སྔགས། སྡེ་བརྒྱད་དབང་དུ་བསྡུ་བའི་ཤམ་བུའི་སྔགས་དང་བཅས་ཡོད་པའི་གཏེར་གཞུང་འཁྲུལ་མེད། དབང་བསྐུར་གྱི་ཆོ་ག་གཏེར་བྱོན། གཏོར་བསྔོ། བསྟོད་པ། རྟ་མགྲིན་གྱི་ཞལ་གདམས་ཟབ་མོ་ལ་ནང་གསེས་སུ་རྒྱལ་པོ་ཏིང་ངེ་འཛིན་དང་སྔགས་ཀྱིས་གཅུན་པ། འཁོར་ལོ་དང་སྨྱག་ཤད་ཀྱི་དབྱུག་པ་ལ་བརྟེན་ནས་རྒྱལ་པོ་འདུལ་ཞིང་གནོན་པ། སྲུང་འཁོར། སྲུང་མདུད། སྐྱེར་སྒང་པས་ཆོས་སྐོར་འདི་རྣམས་ཨོ་རྒྱན་ཆེན་པོ་ལ་ཞུས་ཚུལ། ཚར་ཆེན་གྱིས་མཛད་པའི་མངོན་རྟོགས་ཉུང་ངུུ༌། བྱིན་རླབས་ཀྱི་ཆོ་ག་རྒྱས་པ་བར་ཆད་ཀུན་སེལ་དང་བཅས་པ་རྣམས་ཀྱི་ལུང་དང༌། ཡང་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་གསེར་ཆོས་མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་གྱི་དཔེ་བུམ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོས་བསྒྲིགས་པའི་ལུང་དང༌། དེར་མ་འདུས་པ་རླུང་སེམས་དབུ་མར་བསྡུ་ཚུལ་གྱི་ཉམས་ལེན་ཐུན་མོང་མ་ཡིན་པ་ངག་དབང་ཉི་ཟླ་བཟང་པོས་མཛད་པ། བསམ་མི་ཁྱབ་དགེ་སློང་རིང་མོ་བས་མཛད་པ། ཡང་བསམ་མི་ཁྱབ་ཀྱི་ཉམས་ལེན་དང༌། ལངྐ་ལི་ཡའི་སྒྲུབ་