R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༡
[A:༤༠༡]པ་བྱ་ཚུལ་བཀླགས་ཆོག་མ་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས་མཛད་པ། རྨོར་ཆེན་གྱིས་མཛད་པའི་མཁའ་སྤྱོད་མའི་ཞིང་བཀོད་དང་མཐུན་པའི་བསྟོད་པ་དང༌། མཆོད་ཕྲེང་རྒྱས་པར་བྱ་ཚུལ་བསོད་ནམས་རབ་རྒྱས་དང༌། ཚོགས་མཆོད་རྒྱས་པ་ཟབ་དོན་ཉིང་ཁུ་དང༌། རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་སྙིང་པོར་དྲིལ་བ་སྙན་བརྒྱུད་གསེར་གྱི་ཡང་ཞུན་རྣམས་ཀྱི་ལུང་དང༌། རྗེ་བཙུན་ས་སྐྱ་པ་རྣམས་ལ་ཆོས་སྲུང་གི་གདམས་པ་རྒྱ་མཚོ་ཙམ་བཞུགས་པའི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗཻ་ནག་པོ་ཆེན་པོའི་སྐོར་གྱི་རྩ་བའི་ཡི་གེ་རྣམས་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་མེ་འབར་མར་གྲགས་པ་དང༌། དེའི་ཡན་ལག་གི་ཡི་གེ་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཁ་སྐོང་གླེགས་བམ། མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་སྙིང་གི་ཟུངས་ཁྲག་ལྟ་བུའི་ཐུན་མོང་མ་ཡིན་པའི་ཡིག་སྣ་རྣམས་ཚར་ཆེན་རྡོ་རྗེ་འཆང་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྙན་བརྒྱུད་གླེགས་བམ། རྨོར་ཆེན་གྱིས་བསྒྲིགས་པའི་སྙན་བརྒྱུད་དང་རྗེས་སུ་འབྲེལ་བའི་ཡང་སྐོང་གླེགས་བམ་རྣམས་དང༌། ཞིང་སྐྱོང་སྟོབས་འཕྲོག་དབང་པོ་གདོང་བཞི་པའི་ཆོས་སྐོར་རྣམས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཞལ་པོད་ནོར་བུའི་དོ་ཤལ་དང༌། དེའི་སྙིང་ཐིག་ཧ་ལ་ནག་པོའི་དཔེ་བུམ་བཅས་དང༌། ཞལ་བཞི་པའི་བཀའ་སྡོད་གནོད་སྦྱིན་བེཀྩེའི་ཆོས་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔེ་བུམ་རྣམས་ཀྱི་ལུང་བཅས་ལེགས་པར་གསན་ཅིང་ཁོང་དུ་ཆུད་པར་མཛད་དོ། །ཡང་མཁས་བཙུན་བཟང་པོའི་གཏེར་གྱུར་གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་ཀྱི་དྲུང་ནས་ངོར་ཆེན་བསྟན་པའི་ཉི་མ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་ཡོངས་སུ་རྫོགས་པའི་ལུང་དང༌། རྗེ་བཙུན་