[A:༦༢༦]པ་འབུལ་ཆོག་དང་བཅས་པ། གསུང་ངག་རིན་པོ་ཆེ་སློབ་བཤད་པའི་ལུགས་ཀྱི་ཚོགས་གསོག་པར་བྱེད་པ་མཎྜལ་གྱི་རྣལ་འབྱོར་དང༌། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བཅས་ཀྱི་ཉམས་ལེན་ཡེ་ཤེས་འདྲེན་པའི་ཤིང་རྟ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་བསྙེན་ཁ་གསོའི་ལག་ལེན་གྱི་ཡི་གེ་རབ་གསལ་ནོར་བུའི་མེ་ལོང༌། ལས་བཞིའི་སྦྱིན་སྲེག་གི་ཟིན་བྲིས། རབ་གནས་བཟང་པོ་དྲུག་ལྡན་ལས་བརྩམས་པའི་གཏམ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་སྣང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་རྣམ་པར་བཤད་པ་ཟླ་བ་བདུད་རྩིའི་ཐིག་ཕྲེང༌། དྲིལ་བུ་རིམ་ལྔའི་ཁྲིད་ཡིག་བྱང་ཆུབ་སྙིང་པོར་བགྲོད་པའི་ཐེམ་སྐས། དེའི་འཆད་ཐབས་གསར་བུའི་མགུལ་རྒྱན། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཡི་གེར་བཀོད་པ་མཁའ་སྤྱོད་བགྲོད་པའི་ལམ་བཟང༌། གཤེད་དམར་སྤྲོས་མེད་ཀྱི་ཁྲིད་ཡིག་ཉམས་རྟོགས་པད་དཀར་བཞད་པའི་ཉི་མ་འཆད་པར་བྱེད་པའི་ཟུར་རྒྱན་རྨོངས་པའི་མུན་པ་འཕྲོག་བྱེད། ཀུན་རིག་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ངག་འདོན་ཐར་པཎ་གྱི་གསུང་ལས་ཅུང་ཟད་གསལ་དུ་བཏང་བ། ཀུན་རིག་ཆོ་ག་གཞན་ཕན་མཐའ་ཡས་ཀྱི་འདོན་སྒྲིག་ལ་ཉེར་མཁོའི་ཟིན་བྲིས་གཞན་ཕན་མཛེས་བྱེད། པཎྜི་ཏ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག །ལས་མགོན་འཁོར་བཅས་ཀྱི་བསྐང་གསོ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན། གོས་སྐུ་སོགས་གཤོམ་པའི་ཚེ་ཕྱག་མཆོད་མདོར་བསྡུས་འབུལ་ཚུལ་གྱི་འདོན་སྒྲིག་དྲན་གསོའི་མེ་ལོང༌། ས་ག་ཟླ་བའི་ནང་ཨེ་ཝྃ་པའི་སྒྲུབ་མཆོད་སྐབས་མཁན་པོའི་ཚོགས་གཏམ་མཛད་རྒྱུ་དང༌། ཆོ་གའི་སྒྲིག་རིམ་གྱི་བརྗེད་བྱང༌། སྡོམ་པ་གསུམ་གྱི་བསླབ་བྱའི་བཅའ་ཡིག་ལེགས་ཉེས་རང་ཞལ་