[A:༦༢༧]སྟོན་པའི་མེ་ལོང༌། ཉ་ཡག་གསང་སྔགས་ཐེག་ཆེན་གླིང་གི་འདུས་སྡེའི་བསླབ་བྱའི་བཅའ་ཡིག་མུན་སེལ་ཉི་མ། གཞི་གསུམ་ཆོ་ག་འཛུགས་པའི་ཚེ་ལྷག་བསམ་གང་དྲན་ཡི་གེར་བཀོད་པ་ཕན་བདེའི་ཉི་མ་འདྲེན་པའི་ཤིང་རྟ། སྐུ་རྟེན་བཞེངས་སྐབས་ཀྱི་འདོད་གསོལ་བླ་མ་ཡི་དམ་མ། ཆོས་རྒྱལ་སྡེ་དགེའི་ཞབས་རིམ་སྐབས་ཀྱི་འདོད་གསོལ་ཕན་དང་བདེ་བ་མ། འདོད་པའི་དོན་ལ་གསོལ་བ་འདེབས་པ་བསམ་དོན་ཀུན་འགྲུབ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྒྱུན་འཆི་མེད་བདུད་རྩིའི་ཟིལ་མངར། རི་ཟུར་རིན་ཆེན་བློ་བཟང་མཁྱེན་རབ་ཀྱི་དྲིས་ལན་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། མདོ་ཁམས་ཨ་ཏ་རོང་གི་གཞི་བདག་སེར་སྦྲམ་མའི་བསང་མཆོད། ཚེ་རིང་རྣམ་དྲུག་ལས་བརྩམས་པའི་གཏམ་རབ་སྙན་ཁུ་བྱུག་དགའ་མའི་གླུ་དབྱངས། གཟིམས་ཆུང་རྣམ་རོལ་བྱང་ཆུབ་ཡང་རྩེའི་སྒོ་ཡིག་ཤ་ལོ་ཀ་གཅིག་སུམ་བིད། དམ་མཚལ་བཟོ་ཐབས། པྲ་རྩི་བཟོ་ཚུལ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག །བསམ་ཡས་ཉམས་གསོས་སྐབས་ངོར་བླ་ཁག་སྤྱི་ནས་ཞལ་འདེབས་ཕུལ་བའི་ཞུ་ཡིག །ཡུལ་མཆོག་དམན་བར་གསུམ་ལ་ཕྲིན་དུ་བསྐུར་བའི་ཡི་གེ་མཁས་དབང་ཁྱབ་འཇུག་དགྱེས་པའི་ཞལ་བསིལ་ལ་སོགས་མདོར་ན་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་གསུང་རབ་རིན་པོ་ཆེ་བྱིན་རླབས་ཀྱི་གཟི་བརྒྱ་འབར་བ་དཔག་ཏུ་མེད་པ་ཞིག་བཞུགས་ཏེ། དོན་དུ་གཉེར་བ་དག་གིས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྗེ་དམ་པའི་གསུང་རབ་ཀྱི་དཀར་ཆག་རིན་ཆེན་གསེར་གྱི་ལྡེའུ་མིག་ལས་ཞིབ་ཏུ་རྟོགས་པར་བྱའོ། །དེ་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ་བར་མ་ཟད། སྒྲུབ་པའི་སྒོ་ནས་ཀྱང་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་ཡིན་ཏེ། དེའང་ཐོས་བསམ་གྱིས་སྒྲོ་