R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༢༥
[A:༥༢༥]ངོམས་མཚན་དཔེའི་སྐུ་ལ་བསྟོད། །ཤིན་ཏུ་རྣམ་པར་གནོན་པའི་འཇིག་རྟེན་ན། །གནོད་བགྱིད་སྲིད་པའི་གདུང་བ་གཞིལ་བའི་སྨན། །ཐོག་མཐའ་ཀུན་ཏུ་དགེ་བའི་དཔལ་ཡོན་ཅན། །བདུད་རྩིའི་ཆར་པ་ལྟ་བུའི་གསུང་ལ་འདུད། །རྟོག་པས་མི་སྒུལ་ས་གཞི་ལྟར་བརྗིད་པ། །གཏིང་མཐའ་མི་མངོན་རྣམ་དཔྱོད་ཁྱོན་གྱིས་ནི། །ཇི་སྙེད་ཤེས་བྱའི་མཐའ་ཡང་ཕམ་བགྱིད་པ། །ཡེ་ཤེས་རྒྱ་མཚོ་ཆེ་ལ་དྭང་བས་འདུད། །འོད་ཟེར་སྟོང་གི་གོས་དཀར་གྱོན་པ་ཅན། །ཤར་རིའི་རྩེ་ནས་ཆས་པའི་ཟླ་བས་ཀྱང༌། །སེལ་བར་མ་ནུས་སྲིད་པའི་མུན་འཕྲོག་པ། །བདུད་རྩིའི་འབྱུང་གནས་འདི་ལྟ་སུ་ཞིག་མཆིས། །བསྐལ་པ་དུ་མར་གོམས་པ་མཐར་ཕྱིན་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་གྱིས། །ལྷུན་པོ་ལྟ་བུར་མངོན་པར་མཐོ་གང་ལ། །ཐུབ་པ་རྣམས་ཀྱང་དཀའ་ཐུབ་ནགས་སུ་སྨོན། །ཤིན་ཏུ་ཞི་བ་དམ་པའི་བརྟུལ་ཞུགས་དང༌། །རབ་འབྱམས་ཤེས་བྱའི་ཕ་མཐའ་གཞལ་བའི་ཐུགས། །གཅིག་ཏུ་བསྒྲུབ་ལ་དགྱེས་པའི་སྤྱོད་ཚུལ་རྣམས། །འགྲན་བཞིན་ཚོགས་པའི་རྣམ་ཐར་འདི་རྨད་དོ། །གང་ཞིག་ཐོས་ན་བྱང་ཆུབ་ཏུ་ངེས་པའི། །མགོན་དེའི་ཡོན་ཏན་རྒྱ་མཚོ་ལས་བརྩམས་ཏེ། །བདུད་རྩིའི་བགོ་བཤའ་སྩོལ་བས་འཇིག་རྟེན་ན། །རབ་འབྱམས་རྒྱལ་བ་མ་ལུས་རྟག་ཏུ་གཡེང༌། །དེ་ཉིད་ཕྱིར་ན་ངོ་མཚར་གཏམ་གྱི་གཞི། །དུས་གསུམ་བདེ་གཤེགས་ཁོ་ནའི་སྤྱོད་ཡུལ་གང༌། །བརྗོད་འདོད་མགྲིན་པ་བཏེག་པའི་སྤྱི་བརྟོལ་ཅན། །བདག་འདྲའི་རྨོངས་