[A:༢]༄༅༅། །ཨོཾ་སྭ་སྟི། བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །ཕལ་པའི་གཟུགས་ཀྱིས་གདུལ་བྱ་ལ། །སྣ་ཚོགས་ཚུལ་གྱིས་ཆོས་སྟོན་པའི། །བླ་མ་བརྒྱུད་པའི་ཞབས་ལ་འདུད། །ཁ་བ་ཅན་འདིར་གདུལ་བྱའི་ངོར། །བདེ་གཤེགས་བསྟན་པ་དར་རྒྱས་དང༌། །ཁྱད་པར་གསུང་ངག་རྒྱས་པའི་ཚུལ། །བརྒྱུད་པའི་རྣམ་ཐར་མདོ་ཙམ་འདྲི། །འདི་འཆད་པ་ལ་དོན་གསུམ་སྟེ། སྤྱིར་བསྟན་པ་དར་ཚུལ། ཁྱད་པར་བོད་དུ་བྱོན་ཚུལ། སྒོས་གསུང་ངག་དར་ཚུལ་ལོ།
།དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་སངས་རྒྱས་སུ་ཟིན་ཀྱང༌། གདུལ་བྱའི་ངོར་འཛམ་བུའི་གླིང་དུ་ཚེ་ལོ་བརྒྱ་པ་ལ་