R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༡
[A:༡༡]མངའ་རིས་སྟོད་དུ་བཞུགས་པ་ལ། སྲས་དཔལ་གྱི་མགོནལྡེ་གཙུག་མགོནབཀྲ་ཤིས་མགོན་གསུམ་བྱུང་བ་སྟོད་ཀྱི་མགོན་གསུམ་མོ། །སྨད་དུ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེའོད་ལྡེསྐྱིད་ལྡེ་གསུམ་བྱུང་བ་སྨད་ཀྱི་ལྡེ་གསུམ་མོ། །དེ་རྣམས་ཀྱིས་སྟོད་སྨད་སོ་སོར་མངའ་རིས་བཟུང་བས་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས་པ་མངའ་རིས་སྐོར་གསུམ་མོ། །སྨད་དུ་རྒྱལ་ཁྲིམས་ལྷྭམ་ཙམ་ཞིག་ཆགས་པ་དབུས་གཙང་རུ་བཞིའོ། །བཀྲ་ཤིས་མགོན་གྱིས་སྐུ་མཁར་ཉི་རྫོང་བཟུང་ནས། པུ་ཧྲང༌། ཞང་ཞུང༌། གློ་བོདོལ་པོགུ་གེཡ་ཚེ་ལ་སོགས་པ་ལ་མངའ་བདག་མཛད། དེའི་སྲས་འོད་ཀྱི་རྒྱལ་མཚན། དེའི་སྲས་སྲོང་ངེ་དང༌། འཁོར་རེ་གཉིས། སྲོང་ངེ་རབ་ཏུ་བྱུང་བའི་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བ། ཁོང་གིས་ཡབ་མེས་ཀྱི་གདུང་བས་བཅིང་སེམས་ཅན་ལ་ཕན་གདགས་པར་དགོངས་ནས། མངའ་རིས་སྟོད་ཀྱི་བྱིས་པ་ལོ་བཅུ་གསུམ་ལས་མི་གཞོན་མི་རྒན་པ་རྣམས་བསགས་ནས་ཆུ་ཚོད་དང༌། དབྱུ་གུ་དང༌། གཞུང་འཛིན་པ་དང༌། གཞུང་གི་དོན་རྣམས་ལ་རིམ་གྱིས་བློ་རྟོན་དུ་བཅུག་ནས། དེ་རྣམས་ཀྱི་ནང་ནས་བློ་ཡང་རབ་ཏུ་གྱུར་པའི་ཤེས་རབ་ཅན་བདུན། དེའི་གཡོག་བདུན། ཡང་གཡོག་བློ་དང་གྲོས་ལ་སོགས་པ་འོང་བ་བདུན་ཏེ་བདུན་གསུམ་ཉི་ཤུ་རྩ་གཅིག་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་ཁ་ཆེར་སློབ་གཉེར་ལ་བརྫོངས་པས། ལས་ཀྱི་དབང་གིས་བཅུ་དགུ་ཤི །བོད་ལ་ཕན་ཐོགས་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། དེའི་གཡོག་ལོ་ཆུང་རྔོག་ལེགས་པའི་ཤེས་རབ་གཉིས་ལས་མ་བྱུང༌། དེ་གཉིས་ཀྱིས་ཆོས་མང་པོ་བསླབས་ནས་འོང་སྟེ། བོད་དུ་མདོ། བསྟན་བཅོས། སྡེ་སྣོད། མཚན་ཉིད། སྔགས་ཕྱི་ནང་གི་རྒྱུད་འགྲེལ་ལ་