[A:༡༢]སོགས་པའི་ཆོས་མང་པོ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ནས་དམ་པའི་ཆོས་རྣམས་རིམ་གྱིས་འཕེལ་ཞིང་རྒྱས་པར་བྱས་སོ། །
གཉིས་པ་ནི། དབུས་གཙང་གི་བསྟན་པ་ཉམས་སྨད་ནས་ཡུན་རིང་ཞིག་ན་སྔར་དབུས་གཙང་ནས་བྲོས་པའི་གཡོ་དགེ་འབྱུང་གིས་མཁན་པོ། གཙང་རབ་གསལ་གྱིས་སློབ་དཔོན། དམར་ཤཱཀྱ་མུ་ནེས་གསང་སྟོན། རྒྱའི་ཧྭ་ཤང་ཀེང་ཝང་དང༌། ཀིཾ་བག་གཉིས་ཀྱིས་ཁ་སྐོང་བྱས་ནས་མདོ་སྨད་ཨན་ཆུང་གི་དགོན་པའང་ཟེར་བའི་དན་ཏིག་ཤེལ་གྱི་ཡང་དགོན་དུ་རབ་ཏུ་བྱུང་བ་ལ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་བྱ་བ་བྱུང་སྟེ། དེ་ལ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཚོང་བཙུན་ཤེས་རབ་སེང་གེ །འབྲིང་བཙུན་རྒྱལ་བ་བྱང་ཆུབ་སྟེ་གཙང་པ་གསུམ། དབུས་པ་ཀླུ་མེས་འཕགས་པའི་ཤེས་རབ་སྟེ་བཞིའམ། སུམ་པ་ཡེ་ཤེས་བློ་གྲོས་ཏེ། དབུས་གཙང་གི་མི་ལྔས་རབ་ཏུ་བྱུང་ནས་ཡར་དབུས་གཙང་དུ་བྱོན་ཏེ་རབ་ཏུ་བྱུང་བ་མང་པོའི་མཁན་པོ་བྱས། དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་བར་མཛད་དོ། །དེའི་ཚེ་ན་སྔ་མ་གཉིས་ལ་ལོ་ཚོང་གཉིས། ཕྱི་མ་གཉིས་ལ་འབྲིང་སྡེ་རྣམས་འབྱུང་སྟེ། དེང་སང་གི་བར་དུ་སྡེ་པ་ཕལ་ཆེ་བ་ལ་ལོ་ཚོ། ཚོང་ཚོ། འབྲིང་ཚོ་གསུམ་ལས་གྱེས་པར་གྲགས་སོ།།
Contents
༈ གསུམ་པ་སྒོས་སུ་གསུང་ངག་དར་ཚུལ་ལ་གཉིས་ཏེ། བླ་མ་བོད་དང་རྒྱ་གར་བའི་ལོ་རྒྱུས་སོ།།དང་པོ་ལ། གསུང་ངག་དངོས་ཀྱི་ལོ་རྒྱུས་བརྒྱུད་པའི་རྣམ་ཐར་དང་བཅས་པ་དང༌། ཞར་བྱུང་ལམ་སྐོར་དགུ་ཇི་ལྟར་མཛད་ཅིང་གསན་པའི་ཚུལ་གཉིས་ཀྱི། དང་པོ་ལ་ལྔ་སྟེ། ལོ་པཎ་གྱི་རྣམ་ཐར་ཆོས་ནོད་ཚུལ་དང་བཅས་པ། ག་ཡ་དྷ་ར་ལས་འཕྲོས་པའི་ལོ་རྒྱུས། བླ་མ་ཆེན་པོའི་ཡོན་ཏན་གྱི་ཁྱད་པར། སློབ་མའི་མཆོག་ཇི་ལྟར་བྱུང་བ། དེ་དག་ལས་གསུང་ངག་འཕེལ་བའི་ཚུལ་ལོ། །
དང་པོ་ནི། འགའ་ཞིག་ན་རེ། ཆོས་རྒྱ་གར་ནས་བྱུང་བ་ཡིན་པའི་ཐོག་མར་དེའི་ལོ་རྒྱུས་ཀྱང་ཐོང་ཟེར་ཡང༌། བཀའ་སྲོལ་ལ་བོད་ཀྱི་ལོ་རྒྱུས་ཐོག་མར་གསུང་