R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༠༢
[A:༡༠༢]ཚེས་བཅོ་བརྒྱད་ཀྱི་བར་དུ་ཚོགས་སུ་བྱོན། ཆོས་ཀྱང་གསུངས་ལ། དེ་ནས་ཞག་བཞི་གཟིམས་ཁང་དུ་བཞུགས་ནས་ཉེར་གཉིས་ཀྱི་སྔ་དྲོ་ཉི་མ་མེ་བཞི་འཕྲོད་པའི་ཚེ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཤོམས་ཤིག་གསུངས་ཏེ། སྐྱིལ་མོ་ཀྲུང་མཛད། རྡོ་རྗེ་དྲིལ་བུ་བསྣམས། ཐུགས་རྩེ་གཅིག་ཏུ་བཞུགས་པའི་ངང་ནས་སྒྲ་འོད་དང་སྔར་ཚོར་མ་མྱོང་བའི་སྤོས་དྲི་ཁྱད་པར་ཅན་མེ་ཏོག་གི་ཆར་འབས་པ་ལ་སོགས་པའི་ལྟས་བསྟན་ཏེ་ཞི་བར་གཤེགས་སོ།། ༈ བཞི་པ་སློབ་མའི་མཆོག་ཇི་ལྟར་བྱུང་བ་ནི། གཉིས་ལས་བཤད་བཀའི་སྲོལ་འཛིན་ཤར་ནུབ་གུང་གསུམ་ལ་སོགས་པའི་ཆེན་པོ་རྣམས་དང༌། ཉིད་ཀྱི་ཐུགས་ཀྱི་སྲས་བླ་མ་གྲགས་པ་འོད་ཟེརབླ་མ་བཀྲ་ཤིས་དཔལ་དང༌། ཀུན་བསོདཤོང་ལོ། མཁས་ཤིང་ནུས་པ་དང་ལྡན་པའི་རྣལ་འབྱོར་བ་ཨ་གཉན་དམ་པབླ་མ་འོད་ལྡན་ཐོག་འབེབས་པརྒ་རསརོང་མི་དགེ་བཤེསམང་གར་ལོ་ཙཱ་ལ་སོགས་པ་མང་དུ་བྱུང་བ་ཡིན་ནོ། 'Phags pa's disciples (Lamdre) །སྒྲུབ་པའི་སྲོལ་འཛིན་མང་དུ་ཡོད་ཀྱང༌། གསུང་ངག་འདིའི་ཁྲིད་ཆ་ལག་ཞལ་ཤེས་དབང་བྱིན་རླབས་རྣམས་ལེགས་པར་རྫོགས་ནས། སྒྲུབ་པ་ཚུལ་བཞིན་བྱེད་པའི་སློབ་མ་ནི། བླ་མ་ཞང་དཀོན་མཆོག་དཔལ་དང༌། དགེ་སློང་ཀུན་བློ་གཉིས་ལས་མ་བྱུང་སྟེ། ཁོང་གཉིས་ཀྱི་བླ་མ་གོང་ནས་བྱོན་པའི་ཕྱི་རེས། མདོ་ཁམས་ཐུགས་བསུ་བ་ལ་རྐང་ཐང་དུ་བྱོན། དེ་ནས་བཟུང་ནས་ཞི་བར་མ་གཤེགས་བར་དུ་རྒྱུན་དུ་ཞབས་དྲུང་དུ་བཞུགས་ནས་བླ་མ་འདི་ཉིད་ལ་སྤྱིར་ཡང་དབང་བྱིན་རླབས། རྒྱུད་མན་ངག་མང་དུ་ཞུས་ཤིང༌། ཁྱད་པར་དུ་གསུང་ངག་ཞུས་ནས་བསྒོམས་པས་ལམ་གྱི་སོ་སོའི་ཐད་ཀའི་ཉམས་རྣམས་ལེགས་པར་ཐུགས་