R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༡༦
[A:༡༡༦]པའི་སྒོ་ནས་སེམས་ཅན་ལ་ཕན་ཐོགས་པར་གྱིས་ཤིག་གསུངས་ནས་བཏང་བ་ནི་ནག་པོ་པ་ཆུང་བ་སྟེ། ཡུལ་ལྷོ་ཕྱོགས་ཀརྞ་པ་ཡིན་པས་ཀཧྞ་པ་ཞེས་ཟེར་རོ། །སློབ་དཔོན་གྱིས་སཽ་བ་ནཱ་ཐར་དེ་བཞིན་དུ་བྱ་བ་བྱས་ཏེ། འཛམ་བུ་གླིང་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་འཕྲོ་རེ་ཞིག་བཅད་ནས་གཟུགས་དེ་ཉིད་ལ་ཐིམ་ཡང་ཟེར། གཟུགས་མ་ཡིན། སློབ་དཔོན་ཉིད་ཡིན་ཡང་ཟེར། ལ་ལས་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་ཀྱང་ཟེར། དེ་ལ་ཕྱི་རོལ་པ་བ་ལི་ན་ཧ་ར་ཟེར། སངས་རྒྱས་པ་བ་ལི་ནཱ་ཐ་ཟེར། སྟོབས་ཀྱི་མགོན་པོ་བྱ་བ་ཡིན། གཉིས་ཀ་མཐུན་པར་བིརྺ་པ་ཟེར། ད་ལྟའང་དེ་ན་བཞུགས་ཏེ། ཇི་སྲིད་ཉི་ཟླ་གནས་ཀྱི་བར་དུ་བཞུགས་སུ་གསོལ་ཞེས་གྲགས། ཁ་ཅིག་ན་རེ། རྒྱ་གར་དབུས་ཀྱི་སི་རོ་པ་ཞེས་བྱ་བའི་མིང་གིས་གླང་པོ་ཆེ་ཉི་མ་འཆར་བ་བཏུལ་ཏེ། རྩོད་པའི་དུས་སུ་སེམས་ཅན་ལ་ཕན་བཏགས་སོ་ཞེས་ཟེར་བ་དེ་ཡིན་པར་གྲགས་ཞེས་ཟེར་རོ། །དེའང་རྒྱ་གར་དབུས་ཀྱི་རྣལ་འབྱོར་པ་སི་རོ་པ་ཞེས་བྱ་བ་དེ། རྒྱལ་པོ་ཤིང་རྟ་ཅན་བྱ་བ་འདུལ་དུ་བཞུད་པ་ལ་རྒྱལ་པོས་འདི་གླང་པོ་ཆེ་སྨྱོན་པའི་དྲུང་དུ་ཐོང་ཞིག་གསོད་ཀྱིས་ཟེར་ནས་བཏང་བས། གླང་པོ་ཆེས་སྣས་བཏེག་ནས་ཁྲི་ལ་བཞག །ཕྱག་དང་བསྐོར་བ་བྱས་སོ། །གླང་པོ་ཆེ་དེས་འཇིག་རྟེན་དུ་གྲོང་ཁྱེར་བཤིག་པ་ལ་སོགས་པ་གནོད་པ་ཆེན་པོ་བྱས་པ་ལ་དེ་བཏུལ་ནས། དེར་རྒྱལ་པོ་ན་རེ། ནགས་གསེབ་ཏུ་ཆུགས་ལ་མེ་ཕྱོགས་བཞི་ནས་ཐོང་ཞིག་ཟེར་ནས། མེ་བཏང་བས་སེམས་ཅན་མང་པོས་བསྐོར་ནས་མ་ཚིགས་པས། དེར་རྒྱལ་པོ་དད་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །དེ་བིརྺ་པ་ཡིན་ཟེར། ཡང་བྷི་མེ་ས་ར་ཞེས་པ་བསྡུས་པ་ལ་ལན་ཅིག་བྱོན་ཏེ། མདོར་ན་ལན་གསུམ་བྱོན་ཟེར་རོ། །དེ་