R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༣༡
[A:༣༡]བར་ཞུས་པས། སློབ་དཔོན་གྱིས་སློབ་མ་ལ་འབུལ་བ་བྱེད་པའི་ལུགས་མེད་གསུངས་ནས་མ་གནང་བས། འབྲོམ་ཐུགས་ཆད་དེ། བཞུད་ཁར་མུ་གུ་ལུང་རྡོ་རྗེ་གདན་དུ་སོང་རུང༌། འབྲོག་མི་ཤཱཀྱ་ཡེ་ཤེསཤཱཀྱ་ཐུབ་པར་སོང་ཡང་ད་ཕྱིན་ཆད་འདི་ཀུན་ཏུ་འོངས་མི་འདུག་གསུང་སྐད། དེ་ནས་ཡུལ་དུའང་མ་བཞུད་པར་ལ་སྟོད་དིང་རི་ཤེད་ན་ཡར་བྱོན་པས་འབྲོག་མིའི་སློབ་མ་མཆོག་ཡིན་ཟེར་བས་བསོད་ནམས་ཆེན་པོ་བྱུང་ནས། ལམ་དུ་སློབ་མ་འགའ་ཞིག་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བྱིན་རླབས་ཞུ་བ་བྱུང་ནས་གནང་བས་ཞལ་ནས་ཁྲག་སྐྱུགས་ཏེ་བསྙུན་ནད་ཀྱིས་ཟིན། འབྲོམ་ན་རེ། ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་ཅིང་ངའི་སྣོད་བརྟགས་པར་འདུག་པ་ལ། ངས་དེ་ལྟར་མ་ཤེས་པར་མ་དད་པ་ཞིག་སྐྱེས་པས་ལན། འོན་ཀྱང་བླ་མས་ང་རྗེས་སུ་འཛིན་པར་འདུག །ངའི་དཔེ་ཆ་དང་ནོར་རྫས་མ་ལུས་པ་རུས་པ་རྣམས་བླ་མའི་ཕྱག་ཏུ་ཕུལ། ཁྱེར་རང་ཚོ་གདམས་ངག་ཞུ་ན་ངའི་དཀའ་ལས་ཙམ་མི་དགོས་པར་བླ་མས་གནང་བར་འདུག་གི །ཞུས་གསུངས་ནས་འདས། སློབ་མ་ཀུན་གྱིས་སྤུར་བཞུས། གདུང་རུས་དཔེ་ཆ་ནོར་རྫས་རྟ་བཅུ་བདུན་གྱི་སྟེང་ཁལ་འོག་ཁལ་དང་བཅས་ཁྱེར་ནས་ཕྱིན་པས་ལམ་ན་བགྲོད་དཀའ་ཡང་བདེ་བར་ཐོན། མུ་གུ་ལུང་གི་མདའ་ནས་ཡར་སླེབ་ཙ་ན། དུང་དཀར་གཅིག་འབུད་ཅིང་ཕྱིན་པས། བླ་ཆེན་རྒྱུན་གཏོར་མཛད་ཅིང་ཡོད་པས་གསན་ནས་ངའི་སྙིང་བཏོན་པ་སྙམ་བྱེད། ལྟོས་དང་གསུངས། བལྟས་པས་ཁོང་རྣམས་ཀྱིས་སླེབས་ནས་དེ་རྣམས་ཕུལ་བས། རུས་པ་པང་དུ་བླངས་ནས་བུས་ཕ་ཅན་དུ་སྙེགས་སམ་གསུངས་ནས་བཤུམ་མོ་སྐད། དེར་ཁྱེད་ཚོའི་ནང་ན་གདམས་ངག་འདོད་པ་གང་ཡོད་པ་ལ་དཀའ་བ་མེད་པར་སྦྱིན་གྱི། གསུང་