R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༤༢
[A:༤༢]བ་ནི་མཚན་ཆོས་འབར། ཆུང་བ་ནི་གཟི་བརྗིད་འབར་ཞེས་བྱ་བ་ཡིན་ཞིང༌། ཁོང་གསུང་རབ་ཀྱི་རྩི་དྲས་མཁན་པོ་ཡིན་པས་སེས་མདོ་མང་བཞེངས་པའི་རྩི་དྲས་ལ་བོས་པ་དང༌། དྲས་ཚར་ནས་ཡོན་མ་བརྫོངས་པ་ལ་གསུངས་ངག་གི་ཁུངས་ཆོད་དེ། གཅུང་གིས་འོ་ཅག་ལ་ཡུལ་དུ་ནོར་ཁྱེར་ནས་འགྲོ་རྒྱུ་ཙམ་འདུག་སྟེ། བླ་མ་འདི་ལ་གསུང་ངག་གི་མཛོད་མང་པོ་མངའ་བར་འདུག་པས། རྫོང་བ་རྣམས་ཡོན་དུ་ཕུལ་ལ་ཞུའམ་བྱས་པས། གཅེན་དང་མཐུན་པར་བྱུང་ནས་དྲས་ཀྱི་ཡོན་རྫོང་མང་པོ་བྱུང་བ་བླ་མ་ལ་ཕུལ་ནས་གསུང་ངག་ཞུས་པས། འདི་ཚོ་ཁྱེད་རང་གིས་ལག་གི་གླ་ཟ་བས་འཇུ། ངེད་ཀྱིས་མི་འཇུ། ཆོས་འདོད་ན་ཡུལ་ནས་ནོར་མེད་དམ། ཁྱེར་ཤོག་གསུངས་པས། དེར་ཡུལ་དུ་ཕྱིན། ནས་ཁལ་སུམ་བརྒྱ་དང་ཁྲབ་གཅིག་གིས་སྣ་དྲངས་པའི་ཡོ་བྱད་མང་པོ་ཁྱེར་ནས་བླ་མ་ལ་ཕུལ། སྤྱོད་ལམ་གྱི་སྒོ་ནས་ཀྱང་མཉེས་པར་བྱས་ཤིང༌། ཤེས་རབ་ཀྱང་ཤིན་ཏུ་ཆེ་བར་བྱུང་ནས་མཉེས་ཏེ་གསུང་ངག་རྫོགས་པར་གནང་སྟེ། བླ་མའི་ཞལ་ནས་ངའི་ཆོས་འདི་ཞང་སྟོན་མཆེད་གཉིས་ཀྱིས་གོ །དེའི་ནང་ནས་ཀྱང་ཞང་སྟོན་གཟི་བརྗིད་འབར་གྱིས་གོ །ཞེས་ཡང་ནས་ཡང་དུ་བསྔགས་པ་བརྗོད་དོ། །དེ་ནས་ཡུལ་དུ་བཞུད་དགོངས་ཙ་ན། རྗེའི་ཞལ་ནས་ཞང་སྟོན་བཞུད་དམ་གསུང༌། འགྲོ་བར་ཞུས་པས། ཞང་སྟོན་ངའི་ཆོས་འདི་གཡག་པོ་ཆེའི་ཚི་བ་དང་འདྲ་བ་ཞིག་ཡིན་ནོ། །ད་རུང་སྡོད་ན་མི་རུང་ངམ་གསུངས་ནས་ལོ་གཅིག་བཞུགས་པས་ཐམས་ཅད་རྫོགས་པར་གནང་ངོ༌།། ༈ ཞང་སྟོན་ཆོས་འབར་འདིའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ཁམས་འདུས་པ་བར་པའི་ཐད་སོར་སླེབས་ཏེ། ཏིང་ངེ་འཛིན་དཔག་ཏུ་མེད་པ་མངའ་ཞིང་མངོན་པར་ཤེས་པ་