R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༤༤
[A:༤༤]སོ་ལ་བྱོན། དེ་དང་བྲལ་ནས་ལོ་ཙཱ་བ་རྨ་ཆོས་འབར་གྱི་ཇོ་མོ་མཛད། ཁོང་གྲོངས་ནས་དེས་རྐྱེན་བྱས་ཏེ་སྙིང་རླུང་བྱུང་ནས་མཐོང་སྣང་ལ་སོགས་པ་ཉམས་ཀྱི་མཐོ་དམན་མང་པོ་དང༌། རྟག་ཏུ་བྱང་སེམས་འཛག་པའི་གེགས་བྱུང་བ་ལ། ཐམས་ཅད་ལ་གདམས་ངག་གང་ཆེ་དྲིས་པས། དིང་རི་གླང་འཁོར་ན་དམ་པ་རྒྱ་གར་གདམས་ངག་ཆེ་བར་ཐོས་ནས་དམ་པའི་སར་བྱོན་པས། དམ་པའི་ཞལ་ནས། ཁྱོད་ཀྱིས་དང་པོར་བླ་མ་ལ་དབང་བསྐུར་ཞུས་པའི་དུས་སུ་དབང་ཡོན་མ་ཕུལ་བས་ལན་འདུག་གསུངས་པས། ལྷ་རྗེ་ཞ་མས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ། ཟས་ནོར་ཐམས་ཅད་ང་ཁྱོད་མེད་པར་བསྲེས་པ་ལགས་ཞུས་པས། དེར་ཁྱོད་ཀྱིས་མིང་པོས་རྟ་གཅིག་རིན་དུ་ཟོས་འདུག་གསུངས་པས། ལྷ་རྗེ་ཞ་མ་ལ་རྒྱུས་མེད་པར་མིང་པོ་ཀུན་གྱིས་རྟ་གཅིག་རིན་དུ་བླངས་འདུག །དེར་ལྷ་རྗེ་ཞ་མས་དམ་པ་ལ་བླ་མ་གྲོངས་ནས་མི་བདོག །ཇི་ལྟར་བགྱི་ཞུས་པས། དེས་བཞེངས་པའི་རྟེན་ནམ། འབྲེལ་པ་འདྲ་མེད་དམ། ཞབས་ཏོག་གྱིས་གསུངས་ནས། གཉའ་ནང་ཁ་སྡེ་ན་རྨ་ཡིས་བཞེངས་པའི་གནས་གསར་ལྷ་ཁང་བྱ་བ་ཡོད་པ་ལ་རྟ་གཅིག་ཁལ་དང་བཅས་པ་དང༌། ཁྲབ་གཅིག་ཕུལ། རྨའི་སྲས་མོ་ཇོ་མོ་དཀར་ཡུ་བྱ་བ་ལ་གཡག་ཅིག །ར་ཐུལ་གཅིག །རེ་དམར་ཟབ་བཅས་མ་གཅིག་ཕུལ་ཡང་ཟེར། ཕྱི་རྟེན་ལ་བལ་པོ་ནས་གཉྫི་ར་ཞིག་བླངས་ནས་བཙུགས་ཀྱང་ཟེར་ཏེ། དེ་ལྟར་བྱས་པས་ལོ་གཅིག་གི་བར་དུ་ནད་དེར་ཕན། དེ་ནས་སྔར་བས་ཀྱང་ཐུར་སོང་སྟེ། དམ་པ་ལ་ཞུས་པས། རྒྱལ་ཁམས་འདྲ་སྐོར། མདོ་རྒྱུད་འདྲ་ལྟོས་གསུངས་ནས། ལོ་བདུན་དུ་མཚམས་བཅད་ནས་མདོ་རྒྱུད་རྙེད་ཚད་གཟིགས་ཀྱང་མ་