R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༥༡
[A:༥༡]དུ་བསྙུངས་པས་བཤུམས་པ་ལ། ཡུམ་ན་རེ། ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན། སྙིང་རུས་ཀྱི་ཚུགས་ཁའམ། ཁྱོད་དགེ་འདུན་རྒྱ་མཚོ་ལྟ་བུ་འདིའི་གསེབ་ཏུ་ཤི་ན་རང་ལེགས་པ་ཡིན་ཏེ་ཟེར་ནས་ཤེད་བཅག་སྐད། དེར་བསྙུང་དྭངས་ནས་ངུར་སྨྲིག་པ་བྲང་ཏི་དར་མ་སྙིང་པོ་ལས་མངོན་པ་ཚར་གཅིག་གསན་པ་ལ་ཐུགས་སུ་ཆུད་པས་ཀུན་གྱིས་ངོ་མཚར་དུ་འཛིན་པར་གྱུར། དགེ་བཤེས་བྲང་ཏི་པ་སྐུ་གཤེགས་ཏེ། ཟུར་ཆོས་པ། བྱང་འཆད་པ། ཁྱུང་ལ་ས་སྡེ་དང་སྡོམ་གཉིས་ལ་སོགས་པ་གསན་ཅིང༌། ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་པ་ལས་རྣམ་ངེས་དང་རིག་ཐིག་ལ་སོགས་པ་གསན། ཟུར་ཆོས་པ་མི་དིག་པ་ཡིན། དེ་ཙ་ན་ས་སྐྱ་པའི་གཞི་པས་ཕྲིན་བསྐུར་ཏེ་ཚད་མ་ཕྱིས་གསན་པས་ཆོག །བླ་མ་བ་རི་བ་བགྲེས་པས་ཕྱིས་གསན་པ་མི་འོང་བས་ཡར་འབྱོན་པར་ཞུས་པས། ཡར་བྱོན་ནས་བླ་མ་བ་རི་བའི་ཆོས་སྐོར་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་གྲོམ་པ་གཡུ་རྩེ་འཇིད་ཕུརམེས་ལྷང་ཚེར་ལས་རྣམ་ངེསརིག་ཐིགརང་རྒྱུད་ཤར་གསུམ་ལ་སོགས་པ་གསན་ནོ། །དེ་ནས་བླ་མ་བ་རི་ལོ་ཙཱ་བས་གདན་ས་གཏད་དེ། ཡུན་མི་རིང་བ་ན་བར་ཕུག་ཏུ་བ་རི་བ་སྐུ་གཤེགས་སོ། །དེ་ནས་བླ་མ་གནང་ཁའུུ་པའི་དྲུང་དུ་བྱོན་ནས་བྱ་སྤྱོད་དང་ཡོ་གའི་སྐོར་ཕལ་ཆེ་བ་དང༌། གསང་འདུས་འཕགས་སྐོར་དང༌། ཡེ་ཤེས་ཞབས་ལུགས་ཕྲ་མོ་དང་བཅས་པ། མངོན་རྟོགས་རྒྱན་མ་གཏོགས་པའི་བྱམས་ཆོས་བཞིབསླབ་བཏུསསྤྱོད་འཇུགམདོ་ཀུན་ལས་བཏུས་དང༌། སྤྱོད་ཕྱོགས་ཕྲ་མོ་མང་དུ་གསན་ནོ། །བླ་མ་གནང་འདི་བཙོང་སྒོག་ལ་དགྱེས་པས་དཀོན་མཆོག་གི་དྲུང་དུའང་