R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༦༥
[A:༦༥]བོ་གཅིག་ལ་མགྲིན་པ་མན་ཆད་ཐིག་ལེ་བརྟན་པའི་རྟགས་ཤར་བ་ཞིག་མཐོང་ནས། སུའི་སློབ་མ་ཡིན་བྱས་པས། ས་སྐྱ་པའི་སློབ་མ་ཡིན་ཟེར། བླ་ཆེན་དང་གང་དུ་མཇལ་བྱས་པས། བླ་མ་ས་སྐྱ་པ་ཆེན་པོམཚར་ཁར་བཞུགས་ཙ་ན་ཁྲིད་ལོ་གསུམ་བསྐྱངས་ཟེར། བགྲེས་པོ་ཀུན་ལ་བླ་ཆེནམཚར་ཁར་ནམ་བྱོན་དྲིས་པས། གུང་ཐང་ཡན་ཆོད་ལ་བྱོན་པ་ཡེ་མེད་ཟེར། དེ་ལྟ་བུའི་སྒོམ་ཆེན་སུམ་ཅུ་ཙམ་རེ་ལ་ཁྲིད་བསྐྱངས་པ་དང༌། ས་སྐྱར་བཞུགས་ནས་ལམ་འབྲས་གསུང་ཞིང་སྐུའི་བཀོད་པ་མཛད་པ། གུང་ཐང་དུ་མལ་གྱི་ཉེ་གནས་མཛད་ནས་དྲིལ་བུ་པའི་ཆོས་སྐོར་ཞུས་པ། འབྲིང་མཚམས་སུ་མགྲོན་ལ་བྱམས་ཀྱི་ལྷ་ཁང་དུ་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད་པ། བཟང་སྡོང་འབྲོག་པའི་གསེབ་ཏུ་གསུང་ངག་གསུངས་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བ་རྣམས་ལོ་ཟླ་ཚེས་གྲངས་གཅིག་པར་འདུག་པ་ལ། ཕྱིས་སྐུ་གཤེགས་ནས་སློབ་མ་བགྲེས་པོ་རྣམས་གསུང་གླེང་མཛད་པ་མ་གཏོགས་སུས་ཀྱང་རྟོགས་པ་མི་འདུག་སྐད། དེ་ནི་དུས་གཅིག་ལ་སྐུའི་བཀོད་པ་དྲུག་བསྟན་པ་ཡིན་པར་གྲགས་སྐད། དེ་ལྟ་བུའི་བླ་མ་འདི་ནི་ཕར་ཕྱིན་དྲུག་དང་ལྡན་ཞིང་རིམ་གཉིས་ཟབ་མོ་སྐད་ཅིག་ཀྱང་རྒྱུན་མི་འཆད་པའི་ངང་ནས་བསྡུ་བ་བཞིས་གཞན་དོན་ལོ་དྲུག་ཅུ་རྩ་བདུན་གྱི་བར་དུ་མཛད་ནས། སྟག་གི་ལོ་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་བཅུ་བཞིའི་ཚེ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསུས་སྟེ་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པར་རོལ་མོའི་སྒྲ་དང༌། དྲི་ཞིམ་པོའི་ཚོགས་དང༌། འཇའ་ཚོན་གྱི་འོད་ཀྱིས་གང་བར་བྱས་ནས་སྐུའི་བཀོད་པ་བཞིར་བསྟན་ཏེ་གཅིག་ནི་བདེ་བ་ཅན། གཉིས་པ་ནི་པོ་ཏ་ལ། གསུམ་པ་ནི་ཨུ་རྒྱན། བཞི་པ་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་དུ་གཤེགས་ཞེས་སྤྱན་སྔ་ན་གནས་པ་ཕལ་ཆེ་བས་གསལ་བར་རྟོགས་པ་ཡིན་ནོ། །སྤུར་