[A:༤༢༦]པ་ལྟར་རོ།། །།ཡོལ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་བླ་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ནི། བློ་གྲོས་རྒྱལ་མཚན། བསོད་ནམས་མཆོག་ལྡན་མན་འདྲའོ།། །།ཀླུ་སྒྲུབ་ཀྱི་རྣམ་ཐར་ཞལ་གསུང་མ་ནི། ཀླུ་སྒྲུབ། ངག་ཆོས། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག །བསོད་ནམས་མཆོག་གྲུབ་མན་འདྲའོ། །བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་གྱི་རྣམ་ཐར་མི་ཕམ་ཆོས་ཀྱི་རྒྱ་མཚོས་མཛད་པ་ནི། ཆོས་ཀྱི་རྒྱ་མཚོ། འབུམ་རམས་ཐར་པ་རྒྱལ་མཚན། དབང་རབ། བསོད་ནམས་མཆོག་ལྡན་མན་འདྲའོ།། །།སྡིངས་མ་བ་བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར་དབང་རབ་ཀྱིས་མཛད་པ་ནི། དབང་རབ། བསོད་ནམས་མཆོག་ལྡན་མན་འདྲའོ།། །།འབྲུའི་སྔགས་འཆང་དགོན་གསར་པ་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་སྟོད་རང་ཉིད་དང༌། སྨད་དཀོན་མཆོག་རྡོ་རྗེས་མཛད་པ་ནི། བསོད་ནམས་ཆོས་འཕེལ། དཀོན་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན་མན་འདྲའོ།། །།པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ནི། མཛད་པ་པོ་ནས་བརྒྱུད་དེ་རྨོར་ཆེན་གྱིས་གསན། དེ་མན་སྔར་དང་འདྲའོ།། །།ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ་གསུམ་གྱི་རྣམ་ཐར་རྒྱལ་དབང་ལྔ་པས་མཛད་པ་ནི། ལྔ་པ། ངག་དབང་ལྷུན་གྲུབ་མན་འདྲའོ།། །།མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་ཁ་སྐོང་དང་བཅས་པ་རང་ཉིད་ཀྱིས་མཛད་པ་ནི། ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ། འཆི་མེད་བསྟན་པའི་ཉི་མ།