R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༢༧
[A:༤༢༧] སློབ་དཔོན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ཀུན་དགའ་རྒྱལ་མཚན། རྡོ་རྗེ་རིན་ཆེན། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།རྨོར་ཆེན་གྱི་རྣམ་ཐར་ཞལ་གསུང་མ་ནི། ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་མན་སྔར་ལྟར་རོ།། །།གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་ཐར་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ནི། ཀུན་བློ། འཆི་མེད་བསྟན་ཉི་མན་འདྲའོ།། །།ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་རྣམ་ཐར་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ་ནི། ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ཀུན་དགའ་རྒྱལ་མཚན་མན་འདྲའོ།། །།ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ་གསུམ་གྱི་རྣམ་ཐར་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དྲྭ་སྒང་དབོན་རིན་པོ་ཆེ་འདྲེན་མཆོག་གཞན་ཕན་ཀུན་དགའ་དཔལ་བཟང་པོ། དེས་བདག་ལའོ།། །།རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཁུུ་ན་ངོར་དཔོན་སློབ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་མཛད་པ་ནི་ཁམས་ཕྱོགས་འདིར་ལུང་རྒྱུན་མ་བཞུགས་པས་རེ་ཞིག་བདག་གིས་ལུང་སྤེལ་ཞུས་ཁུལ་ལ། སླར་བརྒྱུད་པ་རྙེད་དུས་དེ་ལྟར་དཀྱུས་འདིར་འཛུད་དགོས་སོ།། །། ༈ གཉིས་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་མོ་བཞིའི་ནང་ཚན། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྒྲོས་འཇམ་དབྱངས་མཁྱེན་