[A:༤༣༢]ཆེན་གྱི་ཡིག་སྟེང་ནས་ཟབ་ཁྲིད་ཤིན་ཏུ་ཞིབ་པ་དང༌། ནུབ་པ་རིག་འཛིན་གྲགས་ཀྱི་ཡིག་ཆ་ལ་ངག་ཆོས་ཀྱི་ལྷན་ཐབས་སྦྱར་བའམ། ཐར་པཎ་གྱི་ཡིག་ཆ་བཀླགས་ཆོག་མའི་སྟེང་ནས་བིར་ལུགས་རྣམ་འཇོམས་ལྷ་དོན་ལྔའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང༌། ངག་ཆོས་ཀྱི་ཡིག་སྟེང་ནས་བླ་མ་དོན་ཡོད་གྲུབ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པའི་བྱིན་རླབས། ཀུན་དགའ་བློ་གྲོས་ཀྱི་ཡིག་སྟེང་ནས་རྟེན་འབྲེལ་སྙིང་པོའི་སྲུང་བ་བྱིན་རླབས། ངག་ཆོས་ཀྱི་ཡིག་སྟེང་ནས་གསུང་ངག་རིན་པོ་ཆེའི་སྙིང་པོ་བརྡ་དོན་གསལ་བའི་བྱིན་རླབས་སྔོན་དུ་འགྲོ་བའི། བདག་ཆེན་གྱི་ཡིག་སྟེང་ནས་ཟབ་ཁྲིད་ཞིབ་རྒྱས། ངག་ཆོས་ཀྱི་ཡིག་སྟེང་ནས་དབང་བཞིའི་བརྡ་ཆིག་བརྒྱུད་དུ་སྩལ་བའི་བྱིན་རླབས། གདམས་ངག་རྫོགས་པའི་ཚེ་ངག་ཆོས་ཀྱི་ཡིག་སྟེང་ནས་སྒྲུབ་པ་ལུང་སྦྱིན་གྱི་བྱིན་རླབས་དང༌། གསང་བཅུའི་རྒྱས་གདབ། མཐར་བསྟན་པ་གཏད་པའི་ཚུལ་དུ་ཀུན་མཁྱེན་དང༌། བཀའ་འགྱུར་བའི་ཡིག་སྟེང་ནས་མགོན་རྐྱང་ག་ཡ་དྷ་རའི་ལུགས་ཀྱི་རྗེས་གནང་ཞིག་མཛད་པ་བཅས་ལེགས་པར་ཐོབ་བོ།། །། ༈ གསུང་ངག་རིན་པོ་ཆེ་དངོས་གཞིའི་ཁྲིད་ཡོངས་རྫོགས། རྒྱུ་ལམ་གྱི་དབང། བྱིན་རླབས་སོགས་ཕལ་ཆེར་གྱི་བརྒྱུད་པ་གཙོ་བོར་བཀའ་བབས་གསུམ་དང་ལྡན་པ་ལས། ཐོག་མར་ངོར་ཆེན་ཡབ་སྲས་ནས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ལ་བཀའ་བབས་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན། རྗེ་བཙུན་རྡོ་རྗེ་བདག་མེད་མ། མཐུ་སྟོབས་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ།
ངན་པ།
ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌ་མ་རུ་