R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༣༦
[A:༤༣༦] མཁས་བཙུན་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་བ་མན་འདྲའོ།། །།ཡུམ་བཀའ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་བ། ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། ནེ་ཙོ་སྦལ་སྟོན། སློབ་དཔོན་གནམ་བྱེ་མ་ལུང་པ། བླ་མ་ཤེས་རབ་གྲགས་པ། གནམ་ཤེས་རབ་འཕགས་པ།
འཕགས་པ་ཆོས་ཀྱི་ཤེས་རབ་ཀྱང་བྱས་སྣང༌།
གནམ་མངོན་པར་བྱང་ཆུབ་བརྩོན་འགྲུས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། པཎྜི་ཏ་ཤེས་རབ་རྡོ་རྗེ། དེ་གཉིས་ཀ་ལས་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། དེ་ལས་བླ་མ་དམ་པ་དང༌། རི་ཁྲོད་པ་གཉིས། གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་ཆེན་ཡེ་རྒྱལ། གྲུབ་ཆེན་བུདྡྷ་ཤྲཱི་གཉིས། གཉིས་ཀ་ལས་ངོར་ཆེན་ཀུན་དགའ་བཟང་པོ། དེ་ནས་རིམ་པར་མུས་ཆེན་དཀོན་མཆོག་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། པཎ་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག །སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། རྗེ་སེང་གེ་རྒྱལ་མཚན། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་