R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༣༥
[A:༤༣༥] ནཱ་རོ་པ་ནས་བརྒྱུད་པའི་བདེ་མཆོག་གི་དབང་བཀའ་དང་འབྲེལ་བར་བྱུང་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ།
བྲམ་ཟེ་
ས་ར་ཧ།
མདའ་འཛིན།
འཕགས་པ་ཀླུ་སྒྲུབ། རི་ཁྲོད་མགོན་པོ། ལཱུ་ཧི་པ།
ཉ་ལྟོ།
དྷ་རི་ཀ་པ།
གཟུངས་ལྡན།
དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལེནྡྷ་ར།
དྲྭ་བ་འཛིན་ནམ་འབར་འཛིན།
ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པའམ་ཏཻ་ལོ་པ།
ཏིལ་རྡུང༌།
ནཱ་རོ་པ།
མི་མཆོག །
ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ། ས་ཆེན་མན་འདྲའོ།། །།རྒྱུ་དབང་གི་སྐབས་སུ་འཛིན་པའི་ཨཥྟཱའི་བཟླས་ལུང་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། གོང་སྨོས་ཚོགས་སློབ་ཀྱི་བརྒྱུད་པ་གསུམ་པོ་སོ་སོ་ལྟར་དང༌། བརྒྱུད་པའི་ཁྱད་པར་གཞན་ཡང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན་ནས། མུས་ཆེན་སངས་རྒྱས་རིན་ཆེན། ཡོངས་འཛིན་དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། དེ་དབོན་དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། མགོན་པོ་བསོད་ནམས་མཆོག་ལྡན་མན་འདྲའོ།། །།ཡང་རྫོང་ལུགས་ལྟར་ན། བླ་མ་དམ་པ་ཡན་སྔར་ལྟར་ལ། དེ་ནས་མཁས་གྲུབ་གཟུགས་ཀྱི་དཔལ་བ། མཁས་བཙུན་བཟང་པོ་རྒྱལ་མཚན། མཚུངས་མེད་རྒྱལ་མཚན་རིན་ཆེན། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྗེ་རཏྣ་ཤྲཱི། བྱམས་པ་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་ཤཱཀྱ་ཀུན་དགའ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་ཕྲིན་ལས།