R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༣༨
[A:༤༣༨]བདག་བློ་གཏེར་དབང་པོ་ལའོ།། །།དཔལ་ས་སྐྱའི་ལྕགས་རིའི་ཁོངས་ལས་མི་འདའ་བའི་བིརྺ་པའི་ཟབ་ཆོས་
ལམ་ཟབ། བིར་སྲུང༌། ལམ་སྦས་བཤད། རྣམ་འཇོམས་བིར་ལུགས་དང་བཞི་ལ་ངོས་འཛིན་པར་སྣང་ངོ༌།།༈
བཞིའི་ནང་ཚན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཐུན་མོང་བའམ། ཕྱི་མའི་བྱིན་རླབས་དམིགས་ཁྲིད་དང་འབྲེལ་བར་མཁན་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་མན་སློབ་བཤད་རྩ་བའི་བརྒྱུད་པ་དང་འདྲ་ཞིང༌། ཡང་ཐར་པཎ་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བྱམས་པ་ཀུན་དགའ་བསྟན་འཛིན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ།། །།དེ་ལས་འཕྲོས་པ་བླ་མ་རིན་འབྱུང་གི་བྱིན་རླབས་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། ས་ཆེན། བསོད་རྩེ། གྲགས་རྒྱལ། དབང་ཕྱུག་འོད་ཟེར། མཁན་པོ་རོང་པ། ལུང་ཕུ་པ་ནམ་མཁའ་བསོད་ནམས། བཀྲས་ལུང་པ་མཁས་གྲུབ་གཞོན་ནུ་དོན་གྲུབ། ཞང་སྟོན་བྱང་ཆུབ་ཤེས་རབ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་མན་གསུང་ངག་སློབ་བཤད་དང་འདྲའོ།། །།