[A:༤༣༩]ལམ་ཟབ་ཐུན་མོང་མ་ཡིན་པའམ། ནང་མའི་བྱིན་རླབས་དམིགས་ཁྲིད་དང་འབྲེལ་བར་པཎ་ཆེན་ངག་ཆོས་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཡན་ལམ་ཟབ་ཕྱི་མ་ལྟར་ལ། དེ་ནས་མུས་ཆེན། བདག་ཆེན། རྡོ་རིང༌། ཚར་ཆེན། ཀླུ་སྒྲུབ། ངག་ཆོས། ཨ་མེས་ཞབས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་མན་སློབ་བཤད་རྩ་བའི་བརྒྱུད་པ་ལྟར་རོ།། །།བིར་སྲུང་ཕྱི་མའི་བྱིན་རླབས་སྒོམ་ལུང་དང་འབྲེལ་བར་ངོར་ཆེན་རྡོ་རྗེ་འཆང་གི་ཡིག་ཆར། ངག་ཆོས་ཀྱི་ཟུར་འདེབས་སྦྱར་བའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ལམ་ཟབ་ཕྱི་མའི་བརྒྱུད་པ་དང་མཐུན་ལ།། །།བིར་སྲུང་ཐུན་མིན་ནམ། ནང་མའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་སྒོམ་ལུང་དང་བཅས་པ་ཀུན་མཁྱེན་བསོད་སེང་གེ་ཡིག་ཆར། ངག་ཆོས་ཀྱི་ཟུར་འདེབས་སྦྱར་བའི་སྟེང་ནས་ཐོབ་པའི་བརྒྱུད་པའང༌། ལམ་ཟབ་ཕྱི་མའི་བརྒྱུད་པ་དང་འདྲ། དེ་དང་འབྲེལ་བར་
འདི་ལམ་འབྲས་ཀྱི་ཆ་ལག་དངོས་མིན་ཡང༌། བི་རཱུ་པའི་མན་ངག་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བཞག་པ་ཡིན་གསུངས།
བྱད་ཟློག་གི་མན་ངག་བིར་སྲུང་གསར་མར་གྲགས་པ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལུང་གི་བརྒྱུད་པ་ནི། ངོར་ཆེན་མན་པོད་དམར་མའི་བརྒྱུད་པ་དང་འདྲའོ།། །།ལམ་སྦས་བཤད་ཀྱི་ཁྲིད་ཀྱི་སྔོན་དུ་འགྲོ་བའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ། ཚོགས་སྒོམ། ཉན་ཆེན་པ། བྲག་ཕུག་པ། དེ་ལས་བླ་མ་དམ་པ་དང༌། རི་ཁྲོད་པ་