[A:༤༤༢]གཏེར་དབང་པོ་ལའོ།། །།བླ་མ་དོན་ཡོད་གྲུབ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་
འདི་པཎ་ཆེན་ག་ཡ་དྷ་རས་རྗེ་འབྲོག་མི་ལ་ཆོས་འབྲེལ་གྱི་ཐོག་མར་བསྩལ་བ་སྟེ། ངོར་ཆེན་གྱིས་ལམ་འབྲས་ཀྱི་ཆ་ལག་ཏུ་མཛད་དོ། །
པའི་བྱིན་རླབས་ངག་ཆོས་པའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏི། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་དགྲ་ལྷ་འབར། ས་ཆེན། བསོད་རྩེ། གྲགས་རྒྱལ། དབང་ཕྱུག་འོད་ཟེར། མཁན་པོ་རོང་པ། ལུང་ཕུ་བ་ནམ་མཁའ་བསོད་བཟང༌། བཀྲས་ལུང་པ་གཞོན་ནུ་དོན་གྲུབ། ཞང་སྟོན་བྱང་ཆུབ་ཤེས་རབ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་མན་གསུང་ངག་རྩ་བའི་བརྒྱུད་པ་དང་འདྲའོ།། །།རྟེན་འབྲེལ་སྙིང་པོའི་སྲུང་བའི་བྱིན་རླབས་འདིའི་ཡིག་ཆ་སྒྲུབ་བཏུས་ན་ཡོད།
ས་ཆེན་ཀུན་བློའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་ཡན་གསུང་ངག་རྩ་བའི་བརྒྱུད་པ་དང་མཐུན་ལ། དེ་ནས་དཀར་ཤཱཀྱ་གྲགས། ལུང་པ་ཀུན་བཟང་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བླ་མ་དམ་པ། བློ་གྲོས་བརྟན་པ། ཕྱི་མ་གཉིས་ཀ་ལས་དཔལ་ལྡན་ཚུལ་ཁྲིམས། དེ་ནས་གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། མཁྱེན་རབ་མཆོག་གྲུབ། ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་མན་གོང་རྣམ་འཇོམས་བིར་ལུགས་ལྟར་རོ།། །།ཡང་རྗེ་མཁྱེན་བརྩེའི་ཡིག་སྟེང་ནས་ཐོབ་པ་ལྟར་ན། མཛད་པ་པོ་དེ་ཉིད་ཀྱིས་བདག་བློ་གཏེར་དབང་པོ་ལའོ།། །།