[A:༤༤༡]འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ། སྐྱབས་གསུམ་གཅིག་འདུས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །།རྣམ་འཇོམས་བིར་
འདི་ལམ་འབྲས་ཀྱི་ཆ་ལགས་དངོས་མིན་ཡང༌། ཟབ་ཆོས་བཞིའི་ནང་ཚན་དུ་བགྲངས་པས་བཀའ་མི་ཆད་པར་བྱ་བའི་ཕྱིར་དུ་འདིར་བཞག་པ་ཡིན་གསུང༌། འདིའི་ཡིག་ཆ་ཁ་གསལ་སྒྲུབ་བཏུས་ནང་ཡོད།
ལུགས་ལྷ་བདུན་ཅུ་རྩ་ལྔའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། དེའི་གསལ་བྱེད་ངག་ཆོས་པས་མཛད་པ། བྱིན་རླབས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ་བཅས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣམ་པར་འཇོམས་པ། བིརྺ་པ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་རྒྱལ། ངོར་ཆེན་ཀུན་བཟང༌། མུས་ཆེན་དཀོན་རྒྱལ། དེ་གཉིས་ཀ་ལས་རིན་ཆེན་མཁྱེན་རབ་མཆོག་གྲུབ། དེ་ནས་ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས། ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་འབྱུང༌། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། བཀའ་དྲིན་མཉམ་མེད་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་