R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༤༤
[A:༤༤༤]ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་ཡན་གསུང་ངག་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་རི་ཁྲོད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་མན་སློབ་བཤད་ཐུན་མོང་མ་ཡིན་པའི་བརྒྱུད་པ་ལྟར་རོ།། །། ༈ གདམས་ངག་རྫོགས་པའི་ཚེ་སྒྲུབ་པ་ལུང་སྦྱིན་གྱི་བྱིན་རླབས་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། གོང་སྨོས་ལྟར་སློབ་བཤད་བཀའ་བབས་གསུམ་ལས་བརྒྱུད་པ་དང་པོ་གཉིས་དང་འདྲ་ལ། བརྒྱུད་པའི་ཁྱད་པར་གཞན་ཡང༌། ངོར་ཆེན་ནས། རྒྱལ་ཚབ་དམ་པ། ཡོངས་འཛིན། དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་པ་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན་མན་འདྲའོ།། །།དེ་དང་འབྲེལ་བར་གསང་བཅུའི་རྒྱས་གདབ་ངག་ཆོས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཞང་དཀོན་མཆོག་དཔལ་བ་ཡན་གསུང་ངག་རྩ་བའི་བརྒྱུད་པ་དང་མཐུན་ལ། དེ་ནས་དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན་དཀོན་རྒྱལ་མན་ཚོགས་སློབ་ཀྱི་བརྒྱུད་པ་སོ་སོ་ལྟར་རོ།། །། ༈ མཐར་གསུང་ངག་རིན་པོ་ཆེའི་བསྟན་པ་གཏད་པའི་ཚུལ་དུ་མགོན་རྐྱང་གི་རྗེས་གནང་ཀུན་མཁྱེན་བསོད་ནམས་སེང་གེའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་ལམ་འབྲས་རྩ་བའི་བརྒྱུད་པ་དང་མཐུན་ལ། དེ་ནས་སློབ་བཤད་