R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༤༥
[A:༤༤༥]ལྟར་ན། མུས་ཆེན། བདག་ཆེན། རྡོ་རིང༌། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ། དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་དངོས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །། ༈ གསུམ་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་མོ་དེ་རྣམས་ཀྱི་རྩ་བ་བསྟན་བཅོས་ཚད་མའི་སྐོར་ལ་ལུང་དང༌། འགྲེལ་བཤད་གཉིས་ལས། དང་པོ་ནི། ལམ་འབྲས་གླེགས་བམ་ཀུན་གྱི་གཙོ་བོ་ན་བཟའ་ལ་མཚན་དུ་ཆགས་པ་པོད་སེར་མ་ཞེས་གྲགས་པའི་ཐོག་མར་རྗེ་བཙུན་རིན་པོ་ཆེས་བསྒྲིགས་པའི་དཀར་ཆག་ལྟར་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང༌། ས་ཆེན་གྱིས་མཛད་པའི་རྣམ་འགྲེལ་གཉགས་མ། དེ་ལ་ཀུན་གཞི་རྒྱུ་རྒྱུད། གདན་སོགས་སོགས་ལུས་དཀྱིལ། བུམ་དབང་གི་འདའ་ཁ་མའི་སྐབས་སུ་འཆི་ལྟས་འཁྲུལ་འཁོར་འཆི་སླུ་དང་བཅས་པ། བུམ་དབང་གི་སྐབས་སུ་སྣང་བ་སྒྱུར་བའི་འདའ་ཁ་མ། གསང་དབང་གི་སྐབས་སུ་ཐིག་ལེའི་རྣལ་འབྱོར། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་འདའ་ཁ་མའི་སྐབས་སུ་བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་དགག་པ། བར་དོ་བཞིའི་གདམས་ངག །ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་ལེན་ཚུལ། ཚད་མ་བཞི། གདམས་ངག་དྲུག །རྟེན་འབྲེལ་ལྔ། གྲིབ་སེལ་ཟ་བྱེད་རྡོ་རྗེ་མཁའ་