R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༥༠
[A:༤༥༠]གསུམ་ག་ལས་ཡོངས་འཛིན་དཀོན་མཆོག་འཕེལ་བ། དེ་ལས་ས་ལོ་འཇམ་པའི་རྡོ་རྗེ། དེ་གཉིས་ཀ་ལས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེ་ནས་སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། འཇམ་མགོན་ཀུན་དགའ་བསོད་ནམས། སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས་མན་འདྲ། ཡང་ན། རྗེ་དཀོན་ལྷུན་ནས། སངས་རྒྱས་སེང་གེ །ནམ་མཁའ་དཔལ་བཟང༌། ཁྲི་ཆེན་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན། མུས་ཆེན་ནས། མཁྱེན་རབ་ཆོས་རྗེ། རྗེ་ཤཱཀྱ་དོན་གྲུབ། རྗེ་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། ལྕེ་མཆོག་ལེགས་རྡོ་རྗེ། ལྕེ་བསྟན་འཛིན་བཟང་པོ། ལྕེ་བཙུན་བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ།། །། ༈ དེ་དང་འབྲེལ་བར་པཎ་གྲུབ་ཆེན་པོ་བརྒྱད་ཀྱིས་མཛད་པའི་ལམ་སྐོར་ཕྱི་མ་བརྒྱད་དང༌། བིརྺ་པའི་སྐོར་བརྩིས་ན་དགུ་ཡོད་པས་ལམ་སྐོར་དགུ་ཞེས་ཡོངས་སུ་གྲགས་པ་རྗེ་འབྲོག་མི་ལ་བཀའ་བབས་པ་ནས་བཟུང་འབྲེལ་ཆགས་སུ་བྱུང་ཞིང། རྗེ་བཙུན་གྲགས་པས་གསལ་བྱེད་འགའ་ཞིག་མཛད་པ་རྣམས་ཀྱི་ཁྲིད་ལུང་ལས། དང་པོ་ནི། དཔལ་ཏོག་རྩེ་པས་སམྤུཊ་ལ་བརྟེན་ནས་བསམ་མི་ཁྱབ་པའི་གདམས་པ་མཛད་པའི་རྒྱ་གཞུང་པཎ་ཆེན་ག་ཡ་དྷ་ར་དང༌། ལོ་ཆེན་འབྲོག་མིའི་འགྱུར། ལོ་རྒྱུས་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་