[A:༤༥༡]ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་བརྟེན་ནས་ཞེས་སོགས་ཡོད་པ་དང༌། བསྡུས་དོན་ཨཱརྻ་དེ་ཝས་གསོལ་བ་བཏབ་ངོར་གྲགས་པས་མཛད་པ་བསམ་མི་ཁྱབ་པའི་གསལ་བྱེད། མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟ་མཆོག་ལ་སོགས་བརྒྱུད་པ་དགུ་ཡི་མཐར། །ཞེས་དང༌། མཇུག་ཏུ། རྣམ་པར་མི་རྟོག་པའི་ས་དང་པོའོ། །ས་མཔྟ། ཞེས་ཡོད་པ་དང༌། བོད་གཞུང་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་དང༌། ལོག་ནོན་རྣམ་པ་ལྔའི་མན་ངག་ས་མཱཔྟ་མི་ཐཱིའི་མཐའ་ཅན་མཆན་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྟ་མཆོག་ཞབས། བི་ན་སཱ་ད། རྒྱལ་པོ་ཨིནྡྲ་བྷུ་ཏི། ལཀྵྨཱི་ཀ་ར། ལི་ལ་བཛྲ། གུནྡྷ་རི་པ། པདྨ་བཛྲ། དྷརྨ་པ། བྷ་དྲ་པཱ་ད། གྲུབ་ཆེན་ཏོག་རྩེ་པ། བྷུ་ཥ་ཎ་པ། དྷ་མ་པ། ཀརྞ་པ། བི་ར་བཛྲ། བླ་ཆེན་འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །ཞང་དགོན་པ་བ། དཔལ་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། འཇམ་མགོན་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཞྭ་ལུ་པ་ཆོས་རྗེ་སངས་རྒྱས་དཔལ་བཟང༌། མུས་ཆེན་ནམ་མཁའ་དཔལ་བཟང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་