[A:༤༥༨]ངག་དམར་གྱི་ཟིན་བྲིས། བདག་མེད་མའི་བྱིན་རླབས་ཀྱི་ལག་ལེན་ཐོ་ཡིག་གྲགས་པའི་གསུང༌། མགོར་བཤང་སྒོར་ཡྃ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ཡོད་པའི་གཏུམ་མོ་འཁོར་ལོ་བཞིའི་དམིགས་པ་རྒྱས་པ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་བྱུང་བའི་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུ། ཞར་བྱུང་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་པ་བླ་མའི་ཞལ་ཤེས་ཞེས་པའི་གེགས་སེལ་དང་བཅས་པ། རྗེ་ས་སྐྱ་པས་ལྷོ་བྲག་དཀར་སྟོན་ལ་གནང་བའི་བར་ཆད་གསུམ་སེལ། མགོར་རྩ་དག་པར་བྱ་བ་ནི་ཞེས་ཡོད་པའི་བླ་མ་ས་ཆེན་གྱི་ཉམས་ཆུང་བ་བར་པ་དང་ཐ་མ་ལ་སོགས་པའི་མཐའ་ཅན།
འདི་ལ་ཚོ་གཉིས་འབྲེལ་ཡོད།
མགོར་སྲོག་འཛིན་པ་སྙིང་གར་རེངས་པའི་ཚུལ་བཞི་ཞེས་ཡོད་པ་བླ་མ་ས་ཆེན་གྱི་ཉམས་ཆེན་མོ། འདི་ལ་ཚོ་གསུམ་ཡོད།
མཐར་དྲིན་ཆེན་རྡོ་ལྟ་བུ་སྐམ་པོར་འབྱུང་ངོའི་མཐའ་ཅན། ཁྱད་པར་གྱི་རླུང་རེངས་པ་ལྔ་འཆོས་པ་སོགས་ཀྱི་ཐབས་བླ་མའི་ཞལ་ལས་ལྟོས་པ་ཁྲག་དེ་ཉིད་བསྐོལ་ཏེ་སྤོད་ཀྱིས་སྦྲན་ནས་གཏོང་གི་མཐའ་ཅན། འདི་ལ་ཚོ་བཞི་ཡོད།
ལྷོ་བྲག་དཀར་སྟོན་གྱིས་ཞུས་པ་གཞན་ལ་མེད་པའི་གེགས་སེལ་གསང་བདུན་མ། མགོར་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ཞེས་ཡོད་པའི་གེགས་སེལ་གླེང་གཞི་མ། རི་བོང་གི་རིལ་མ་འདྲ་བ་ཆུ་དང་བཅས་ནས་སྟན་ཐོག་བྱུང་བས་སེལ་ལོའི་མཐའ་ཅན། འབྱུང་བ་ལུས་འཁྲུགས་སོགས་སེལ་བའི་ཐབས་གེགས་སེལ་ཞེས་གནད་དུ་གྲགས་པ་འདི་དག་ཐམས་ཅད་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་ལས་ཤེས་པར་བྱའོའི་མཐའ་ཅན། འདི་ལ་ནང་གསེས་ཚོ་ཉི་ཤུ་ཡོད།
དམར་ཆོས་ཀྱིས་རྒྱལ་པོས་ཞུས་པའི་གེགས་སེལ་