[A:༤༥༧] དེས་བདག་བློ་གཏེར་དབང་པོ་ལའོ།། །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྡོ་རྗེའི་ཚིག་རྐང་གི་བསྡུས་དོན་ས་བཅད་ཀྱི་བརྒྱུད་པ་ནི། འོག་ཏུ་འབྱུང་བའི་དེ་ཉིད་ཀྱི་ཀྱེ་རྡོར་སྐོར་ལྟར་རོ།། །།རྡོ་རྗེའི་ཚིག་རྐང་ས་གཞུང་སྦྲགས་མ་ནི་གོང་མའི་གསུང་ལྟར་བདག་གིས་བསྡེབས་པའོ།། །། ༈ གསུང་ངག་རིན་པོ་ཆེའི་གཞུང་བཤད་སྐོར་ལ་ན་བཟའི་མཚན་གྱིས་པུསྟི་དམར་ཆུང་ངམ། པོད་དམར་དུ་གྲགས་པ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གིས་བསྒྲིགས་པའི་དཀར་ཆག་ལྟར་རིང་བརྒྱུད་དང༌། ཉེ་བརྒྱུད། ཞར་བྱུང་ཁ་སྐོང་དང་བཅས་པ་ལས། དང་པོ་རིང་བརྒྱུད་ལ། རྗེ་བཙུན་གྲགས་པས་མཛད་པའི་བརྒྱུད་འདེབས་བླ་མ་རྡོར་འཛིན་མ། དེའི་ཞལ་སྐོང་ཤར་ཆེན་གྱིས་མཛད་པ། ཡང་སྐོང་ངོར་ཆེན་གྱིས་མཛད་པ། ས་བིར་མཇལ་བའི་ལོ་རྒྱུས་སྒ་ཐེང་ལ་བསྐུར་བ། གཞུང་ཇི་ལྟ་བར་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་པྲ་སྟོན་ཞུས་ལན་གྲགས་པའི་གསུང༌། སངས་རྒྱས་སྤྱན་གྱི་སྒོམ་བཟླས་རྗེ་བཙུན་ས་སྐྱ་པའི་གསུང༌། དེས་མཛད་པའི་ཨཥྟཱའི་བཟླས་ལུང་
ཨཥྟཱའི་བཟླས་ལུང་བླ་མའི་ཕྱག་ལེན་བཞིན་རྒྱལ་ཚབ་དམ་པས་བྲིས་ཟེར་བའང་ཡོད།
ཨཥྟཱིའི་གཞི་བཤད་ས་པཎ་གསུང༌། བདུད་རྩི་རིལ་བུའི་སྒྲུབ་ཐབས་བདུད་རྩི་འབྱུང་བ་ཆོས་འཕགས་གསུང༌། དབང་གི་རབ་དབྱེ་ཞང་བཙུན་གྱིས་བྲིས་པ། རྗེ་བཙུན་གྱིས་དགའ་སྟོན་རྡོ་རྗེ་གྲགས་ལ་གདམས་པ། ཕྱི་ནང་གསང་བའི་མཎྜལ་ས་པཎ་གསུང༌། དེའི་ཕྱི་མ་གཉིས་ཀྱི་ཚིགས་བཅད་ཤར་ཆེན་གསུང༌། ལུས་སྦྱོང་ཉི་ཤུ་པའི་གསལ་བྱེད་ལམ་འབྲས་པ་ནོར་བཟང་གསུང༌། ལུས་གནད་ཀྱི་གདམས་