[A:༤༦༥]ཡིག་སྦས་དོན་ཀུན་གསལ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། རྒྱལ་མཚན་དཀོན་མཆོག །རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན། མཚུངས་མེད་དཀོན་མཆོག་དཔལ། རྗེ་ཆོས་དཔལ་འབྱོར། ཡངས་ཅན་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། མང་ཐོས་ལྷ་དབང་ཕྲིན་ལས། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་འབྱུང༌། ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །འཇམ་མགོན་ཀུན་དགའ་རྒྱལ་མཚན། ཞྭ་ལུ་བློ་གསལ་བསྟན་སྐྱོང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་དབང་པོ་ལའོ། །ཡང་ན་མཛད་པ་པོ་ནས། ས་ཆེན་ཀུན་བློ་ཡན་ལམ་འབྲས་སློབ་བཤད་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། འཇམ་མགོན་ཀུན་དགའ་རྒྱལ་མཚན་མན་འདྲའོ།། །།ཡང་ཁྲིད་ཡིག་སྦས་དོན་གསལ་བའི་བརྒྱུད་ལུགས་གཅིག་ནི། བླ་མ་དམ་པ་ནས། དཔལ་ཚུལ་པ། བུདྡྷ་ཤྲཱི། ངོར་ཆེན། དཔལ་ལྡན་རྡོ་རྗེ། དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ། མཁྱེན་བརྩེ། བསླབ་གསུམ། དབང་རབ། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ་མན་འདྲའོ།། །།