R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༦༦
[A:༤༦༦]ཡང་ངོ་མཚར་སྣང་བའི་བརྒྱུད་ལུགས་གཅིག་ནི། ཉི་མ་གླིང་པ་ཡན་སྔར་ལྟར་ལ། དེ་ནས་བསོད་ནམས་མཆོག་ལྡན། ཞྭ་ལུ་མཁན་ཆེན་མན་འདྲའོ།། །།མངོན་རྟོགས་ཡན་ལག་དྲུག་པ་མཎྜལ་སྒྲུབ་མཆོད་གཏོར་བསྔོ་དང་བཅས། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །ལམ་ཟབ་བླ་མའི་རྣལ་འབྱོར་ཞལ་ཤེས་དང་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རིག་པའི་ཀླུ་ཕྲེང༌། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་པའི་རྡོ་རྗེ། རྗེ་ལྷ་དབང་ཕྲིན་ལས། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། མཚུངས་མེད་ཕྲིན་ལས་རྣམ་རྒྱལ། སྒྱི་ཆུ་མཁན་ཆེན་བློ་གྲོས་དབང་ཕྱུག །ཆོས་དབང་རྒྱ་མཚོ། ཀུན་དགའ་ཆོས་འཕེལ། སྐལ་བཟང་ཡོན་ཏན་ལྷུན་གྲུབ། བླ་ཆེན་ཀུན་དགའ་བརྩོན་འགྲུས། ཀུན་དགའ་དབང་རྒྱལ། དགེ་འདུན་རབ་རྒྱས། རྗེ་བླ་མ་རྫོགས་པའི་སངས་རྒྱས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། བླ་མ་ཕན་བདེ་བཟང་པོ། གཉིས་ཀ་ལས་ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་དབང་པོ་ལའོ།། །། ༈ རྒྱལ་བས་ལུང་གིས་བསྔགས་པའི་སྐྱེས་མཆོག་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྣམ་བཤད་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག །