[A:༤༨༠]རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་ལྷ་ཐམས་ཅད་ཀྱི་གསང་སྔགས་ཡི་གེ་བརྒྱ་བའི་བཟླས་ལུང་དང༌། ཨཥྟཱའི་བཟླས་ལུང་གཉིས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ཀྱིས་བདག་ལ་གནང་བའི་བར་ལམ་འབྲས་པོད་དམར་རྩ་བའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ།། །།འཇམ་མགོན་ཀུན་བློས་མཛད་པའི་རྟེན་འབྲེལ་སྲུང་བའི་བྱིན་རླབས་བྱ་ཚུལ་རྟེན་འབྲེལ་རབ་གསལ་གྱི་བརྒྱུད་པ་ནི། ངག་དབང་ཀུན་དགའ་བློ་གྲོས་ནས་བཟུང་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ཀྱིས་བདག་ལ་སྩལ་བའི་བར་གོང་ངག་ཆོས་ཀྱི་བྱིན་རླབས་རྣམས་ཀྱི་བརྒྱུད་པ་ལྟར་རོ།། །།སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་མཁྱེན་བརྩེའི་དབང་པོས་མཛད་པའི་རྟེན་འབྲེལ་སྙིང་པོའི་གཟུངས་དང་འབྲེལ་བའི་སྲུང་བ་ཟབ་མོ་བྱིན་རླབས་མན་ངག་དང་བཅས་པ་ལ་དགེ་སློང་ནོར་བན་རཀྵི་ཏས་ཐོ་གར་ཡུལ་ནས་རྙེད་ཅེས་པ་དང༌། རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ། འཇམ་དབྱངས་ས་པཎ་གྱི་གསུང་སྒྲོས་ཆོས་རྒྱལ་འཕགས་པས་མཛད་པ་བཅས་ཡིག་རྙིང་ཚོ་གསུམ་དང༌། རྗེ་ཉིད་ཀྱི་གསུང་རྟེན་འབྲེལ་སྲུང་བའི་བྱིན་རླབས་བྱ་ཚུལ་མན་ངག་དང་བཅས་པ་ཕན་བདེའི་ཆར་སྤྲིན་བཅས་པའི་བརྒྱུད་པ་ནི། རྗེ་དེ་ཉིད་ཀྱིས་བདག་ལ་བཀའ་དྲིན་དུ་སྩལ་བས། ཡིག་རྙིང་གསུམ་གྱི་བརྒྱུད་ཁུངས་འཚོལ་བར་འདོད་ན་སྒྲུབ་བཏུས་སུ་བལྟས་པས་ཤེས་སོ།། །།ཐར་པཎ་གྱིས་མཛད་པའི་ལམ་ཟབ་བླ་མའི་རྣལ་འབྱོར་བིར་སྲུང་ཐུན་མོང་བ། བརྡ་དོན་གསལ་བ། བརྡ་ཆིག་བརྒྱུད། རྣམ་འཇོམས་བིར་ལུགས། སྒྲུབ་པ་ལུང་སྦྱིན་བཅས་ཀྱི་བྱིན་རླབས་