[A:༤༧༩] ས་སྐྱ་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། གྲུབ་དབང་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ཡོངས་འཛིན་བློ་གྲོས་རྒྱལ་མཚན། རྗེ་ངག་དབང་ལེགས་གྲུབ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ།། །།ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་ལམ་དུས་ཀྱི་དབང་བསྐུར་བ་དང་གསོ་བ། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། མགོན་རྐྱང་གི་རྗེས་གནང་བཅས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བསོད་ནམས་སེང་གེ །འདྲེན་མཆོག་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། དེ་ལས་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང༌། ངག་དབང་མཆོག་ལེགས་རྡོ་རྗེ་གཉིས། གཉིས་ཀ་ལས་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་ལའམ། ཡང་ན། དཀོན་མཆོག་ལྷུན་གྲུབ་ཡན་གོང་ལྟར་ལ། དེ་ནས་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་གོང་དང་འདྲའོ།། །།