R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༨༢
[A:༤༨༢]སོ་སོ་མན་གཞུང་ཚིག་དེ་ཉིད་དང་འབྲེལ་ལོ།། །།རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་གསུང་ངག་རིན་པོ་ཆེ་སློབ་བཤད་པའི་ལུགས་ཀྱི་ཚོགས་གསོག་པར་བྱེད་པ་མཎྜལ་གྱི་རྣལ་འབྱོར་དང༌། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བཅས་ཀྱི་ཉམས་ལེན་ཡེ་ཤེས་ཉིན་བྱེད་འདྲེན་པའི་ཤིང་རྟ། རྗེ་མཁྱེན་བརྩེའི་དབང་པོས་མཛད་པའི་ལམ་ཟབ་ཕྱི་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བྱིན་རླབས་མཆོག་སྩོལ་བཅས་ཀྱི་བརྒྱུད་པ་ནི། རྗེ་བླ་མ་གཉིས་ནས། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་ལའོ།། །།གོང་མ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ལམ་ཟབ་ཕྱི་ནང་དང༌། བིར་སྲུང་ཕྱི་ནང་གི་ཉམས་ལེན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་བསྒྲིགས་པའི་རིན་འབྱུང་བེའུ་བུམ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཟབ་མོ་བླ་མའི་རྣལ་འབྱོར་གྱི་རྒྱས་པའི་ཕྲིན་ལས་ཉམས་ལེན་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་རིམ་པར་བརྒྱུད་དེ་ཡབ་རྗེ་ཀུན་དགའ་བློ་གྲོས་ལ་བཀའ་བབས་ཤིང༌། དེ་ཕྱིན་ངོར་ཆེན་གྱི་རྣམ་དག་མའི་བརྒྱུད་པའི་རྗེས་སུ་སྙེགས་སོ།། །།འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་བླ་མ་རིན་འབྱུང་གི་རྣལ་འབྱོར་འདོད་རྒུ་ལྷུན་གྲུབ་དང༌། བླ་མ་རིགས་བཞིའི་རྣལ་འབྱོར་ལས་བཞི་ལྷུན་གྲུབ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། བླ་མ་སངས་རྒྱས་བསྟན་འཛིན། ཕན་བདེ་བཟང་པོ། ཀུན་