[A:༤༨༣]དགའ་འཇམ་དབྱངས། དེས་བདག་ལའོ།། །།ཡང་ན། མཛད་པ་པོ་ནས། རྗེ་མཁྱེན་བརྩེའི་དབང་པོ། ཕན་བདེ་བཟང་པོ་མན་འདྲའོ།། །།མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་བསྙེན་པ་གསུམ་གྱི་ལག་ལེན་གསུང་ངག་བེའུ་བུམ་དང༌། ངག་ཆོས་ཀྱིས་མཛད་པའི་ལམ་དུས་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་དབྱེ་བདུད་རྩིའི་གཏམ་བཟང་དག་ལ་ལུང་རྒྱུན་མ་བཞུགས་པས་བདག་གིས་ལུང་སྤེལ་ཞུས་ཁུལ་ལོ།། །།བཟླས་དམིགས་ཞལ་ངོ་ཆིག་བརྒྱུད་དབང་རབ་པའི་གསུང་རྒྱུན་ནི་དམིགས་བསལ་མི་སྣང་ཡང༌། དབང་རབ་མན་ཁྲིད་གཞུང་རྣམས་དང་འབྲེལ་ལམ་སྙམ། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ལ་ལུས་དཀྱིལ་དང་ལམ་དུས་ཀྱི་དབང་སྦྱར་བའི་ངག་འདོན་དང༌། ཞར་བྱུང་ལུས་དཀྱིལ་རྐྱང་པ་ཉམས་སུ་ལེན་ཚུལ་བཅས་ཀྱི་བརྒྱུད་པ་ནི། དེ་ཉིད་ཀྱི་གསུང་གོང་རིན་འབྱུང་ལྟར་རོ།། །།ཤེའུ་ལོ་ཙཱ་བས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་ཞི་བའི་སྦྱིན་སྲེག་དུས་ཐའི་ཆོ་ག་དང་བཅས་པ་ཡེ་ཤེས་མེ་འོད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། བསྟན་འཛིན་ལྷུན་གྲུབ། ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་འབྱུང༌། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། དགེ་འདུན་རྒྱ་མཚོ། ཡར་ལུང་མཆོག་སྤྲུལ་བྱམས་པ་དངོས་གྲུབ་བསྟན་པའི་