[A:༤༩༨]པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་པའོ། །གོང་སྨོས་རྣམས་ལས་ནང་གསེས་སོ་སོར་དབྱེ་ན། དཀོན་མཆོག་རྗེས་དྲན་གྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཀུན་དགའ་བོ། རཀྵི་ཏ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཆོས་འབྱུང་ཞི་བ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། ཨ་ཏི་ཤ །འབྲོམ་སྟོན་པ། པུ་ཏོ་བ་རིན་ཆེན་གསལ། ཤར་པ་ཡོན་ཏན་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་ཏོ་བ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས། ཡོན་ཏན་བསོད་ནམས་ལྷུན་གྲུབ། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། བསོད་ནམས་བཟང་པོ། དཔལ་ལྡན་ཆོས་སྐྱོང༌། ཆོས་སྐྱོང་བཟང་པོ། ཀུན་དགའ་ཡེ་ཤེས་དབང་ཕྱུག །བྱམས་པ་ནམ་མཁའ་འཆི་མེད། འཇམ་དཔལ་བཟང་པོ། དེ་ལས་བསྟན་པའི་རྒྱལ་མཚན་གྱིས་སོ། །ཕུང་པོ་གསུམ་པའི་མདོའི་བརྒྱུད་པ་ནི། ཐུབ་དབང་ནས། པཎ་ཆེན་ཤཱཀྱ་ཤྲཱིའི་བར་གོང་ལྟར་ལ། དེ་ནས་ལྷོ་པ་རིན་ཆེན་དཔལ། ཀོང་ནག་རལ་