R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༩༧
[A:༤༩༧]བ་དུམ་བུ་དང་པོ་ཇི་ལྟ་བ་དང༌། རོང་སྟོན་ལ་བསྟོད་པ་གསུང་རབ་མ་ནས་བཟུང་ཕན་ཁང་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱི་བསྟོད་པ་དཔལ་ལྡན་སྲས་བཅས་མའི་བར་གདན་རབས་ཡོངས་རྫོགས་ཀྱི་བསྟོད་པ་ངོར་སྤར་རམ། ཅུང་ཟད་མ་ཚང་པའི་སྡེ་སྤར་གང་རུང་ལྟར་དང༌། གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མ་ངོར་ཆེན་གསུང་ལ་མཁྱེན་བརྩེའི་ཁ་སྐོང་བཅས། བླ་མཆོད་ཐོས་པ་རྒྱ་མཚོ། ཇ་མཆོད་དགོས་འདོད་ཀུན་འབྱུང༌། རྒྱུད་གསུམ་རྒྱུད་འདེབས་ཀུན་ཁྱབ་མ་ཁ་སྐོང་བཅས། ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་མཁྱེན་བརྩེའི་ཞལ་སྐོང་བཅས། སྨོན་ལམ་དེ་བཞིན་གཤེགས་པ་མུས་ཆེན་གྱི་གསུང༌། སྡོམ་གསུམ་བརྒྱུད་འདེབས་ངོར་ཆེན་གསུང་ལ་སངས་ཕུན་གྱི་ཁ་སྐོང་བཅས། སེམས་བསྐྱེད་བླང་ཚིག་བྱང་ཆུབ་སྙིང་པོ། ཡོན་སྦྱོང་བའི་གཟུངས། འཇམ་དཔལ་མཚན་བརྗོད། ཚེ་གཟུངས། རྣམ་རྒྱལ་གཟུངས། རྣམ་འཇོམས་གཟུངས། སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག །ཕན་ཡོན། ཡན་ལག་བདུན་པ། འདོད་གསོལ་བཅས། ཤེར་སྙིང་བདུད་ཟློག་བཅས། བཟང་སྤྱོད། བྱམས་སྨོན། ཕར་ཕྱིན་བཅུ་གཅིག་གི་སྨོན་ལམ། བདེ་ཅན་སྨོན་ལམ། བདག་གཞན་མའི་སྐོར་ལེའུ་ཚན་གསུམ། འདོད་གསོལ་འགྲོ་བདེ་མ། མཇུག་གི་ཤིས་བརྗོད་ཤློ་ཀ་བཞི། ཀླུ་སྒྲུབ་སྨོན་ལམ། དཀར་ཆ་བཞི། གཏོར་མ་བརྒྱ་རྩ་ཁ་སྐོང་བཅས། ཆབ་གཏོར། ཀླུ་གཏོར་སོགས། མདོར་ན་ཆོས་སྤྱོད་དུམ་བུ་གསུམ་པ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་བརྒྱུད་དེ། ཞབས་དྲུང་ཀུན་དགའ་ཡེ་ཤེས་དབང་ཕྱུག །བྱམས་པ་ནམ་མཁའ་འཆི་མེད། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་རྡོ་རྗེ་འཆང་བྱམས་