[A:༥༠༠] ངོར་ཆེན། རྒྱལ་ཚབ། ཡོངས་འཛིན། དཀོན་ལྷུན་མན་སྔར་ལྟར་རོ། །སྒྲོལ་བསྟོད་ཕན་ཡོན་བཅས་པའི་བརྒྱུད་པ་ནི། སངས་རྒྱས། སྒྲོལ་མ། ཀུན་དགའ་བོ། ཉི་མ་གུང་པ། ཤ་ནའི་གོས་ཅན། ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བོ་དྷི་ད་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ལོ་བྱམས་པའི་དཔལ། རིན་ཆེན་འབུམ། སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། རྒྱལ་བ་བཟང་པོ། བྱང་སེང་བ། ཤར་ཆེན། ངོར་ཆེན། གྲགས་པ་རྡོ་རྗེ། བསོད་ནམས་ལྷུན་གྲུབ། ས་ལོ། དཀོན་ལྷུན་མན་སྔར་ལྟར་རོ། །ཤེས་རབ་སྙིང་པོའི་བརྒྱུད་པ་ནི། ཐུབ་པ། སྒྲོལ་མ། ཨ་ཏི་ཤ །དེ་དཔོན་ད་ན་ཤཱི་ལ། བྱང་སེམས་ཟླ་རྒྱལ། དབང་བཀའ་གདམས་པ། སྐྱེར་སྒང་པ་ཡེ་ཤེས་སེང་གེ །སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ། བསོད་ནམས་མགོན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན། རྒྱལ་ཚབ། ཡོངས་འཛིན། དཀོན་ལྷུན་མན་སྔར་ལྟར་རོ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང༌། བྱམས་པའི་སྨོན་ལམ་གྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཀུན་དགའ་བོ། རཀྵི་ཏ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་བཤེས། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཆོས་འབྱུང་ཞི་བ། རྡོ་རྗེ་གདན་པ་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང༌། དཔྱལ་པདྨོ་ཅན། དཔྱལ་ཨ་མོ་གྷ། དཔྱལ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་ཕུང་པོ་གསུམ་པའི་མདོ་དང་འདྲའོ།། །།