[A:༤༢༤]མཆོག་རྒྱལ་མཚན་གྱིས་མཛད་པ་རྣམས་ལས། རྗེ་བཙུན་གྱི་རྣམ་ཐར་ས་པཎ་གྱིས་མཛད་པ་མ་གཏོགས་གཞན་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་བརྒྱུད་དེ་ཡབ་རྗེ་དམ་པ་ཀུན་དགའ་བློ་གྲོས་བར་འོག་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་ལྔ་རིག་པ་ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། བདག་ཅག་གི་རྩ་བའི་རིགས་བདག་བཀའ་དྲིན་སུམ་ལྡན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་འཇམ་དབྱངས་བློ་གཏེར་དབང་པོ་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་སྩལ་བའོ།། །།གོང་རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་གསུམ་གྱི་བརྒྱུད་པ་ནི། ས་པཎ། ཆོས་འཕགས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན་པ། ཆོས་རྗེ་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་རྒྱལ། ངོར་ཆེན། རྒྱལ་ཚབ། ཡོངས་འཛིན། ས་ལོ། དཀོན་ལྷུན། ཐར་པཎ། ཤར་ཆེན་ཀུན་དགའ་བཀྲ་ཤིས། ནམ་མཁའ་སངས་རྒྱས། དཔལ་མཆོག་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། ནམ་མཁའ་དཔའ་བཟང༌། སངས་རྒྱས་ཡེ་ཤེས། ཀུན་བློ། ཆོས་བཀྲ་ཤིས། ཀུན་དགའ་རབ་རྒྱས། ཆོས་དཔལ་འབྱོར། ངག་དབང་གྲགས་པ། ཀུན་དགའ་དཔལ་བཟང༌། ཀུན་དགའ་འཇམ་དཔལ། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་བློ་གཏེར་དབང་པོ་ལའོ།། །།མུས་ཆེན་གྱི་རྣམ་ཐར་བདག་ཆེན་གྱིས་མཛད་པ་ནི། གོང་ལྟར། ལྔ་རིག་པ་ཀུན་བཀྲས། བྱམས་པ་སྨོན་ལམ་གྲགས་པ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།