R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༢༣
[A:༤༢༣]བསྡུས་འཕྲོས་དོན་གྱི་ཚུལ་དུ་སྨོས་པའོ། །དང་པོ་ལའང་བཞི། བླ་མ་ཚད་མར་བྱ་བའི་སླད་དུ་བླ་མ་རྒྱ་བོད་ཀྱི་རྣམ་ཐར། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པ་དབང་དང་ཁྲིད་ཀྱི་གཞུང་ཤིང་ཆེན་མོ། དེའི་རྩ་བ་བསྟན་བཅོས་ཚད་མའི་སྐོར། དེ་རྣམས་ཀྱི་འཕྲོ་གཞི་བཀའ་ཚད་མའོ། །དང་པོ་ལ། སྣ་སེལ་རྗེས་གནང་གསུམ་གྱི་བརྒྱུད་པ་ནི་འོག་ཚོགས་བཤད་སྐབས་སུ་འབྱུང་ལ། དངོས་གཞིའི་ཐོག་མར་སྣང་གསུམ་སྐབས་སྔ་ཆོས་སུ་སྩལ་བའི་ལུང་གི་སྐོར་ལ་བླ་མ་ཚད་མར་ངེས་ཤེས་བསྐྱེད་པའི་ཕྱིར་བླ་མ་བརྒྱུད་པ་རྒྱ་གར་བའི་ལོ་རྒྱུས། བིརྺ་པའི་གསུང་འགུར་སྐད་གཉིས་ཤན་སྦྱར་མ། བོད་ཀྱི་ལོ་རྒྱུས་བཅས་རྗེ་བཙུན་ཆེན་པོས་མཛད་པ། ས་ཆེན་གྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ་མཆན་བཅས་ཡར་ལུང་པས་དག་པར་བྱས་པ། རྗེ་བཙུན་གྱི་རྣམ་ཐར་མནལ་ལམ་མ་དང༌། ཡང་དེའི་རྣམ་ཐར་ས་པཎ་གྱིས་མཛད་པ། ས་པཎ་རྣམ་ཐར་རིན་ཆེན་དཔལ་གྱིས་མཛད་པ། འཕགས་པའི་རྣམ་ཐར་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། ཚོགས་སྒོམ་རྣམ་ཐར་གཉགས་སྙིང་པོ་རྒྱལ་མཚན་གྱིས་མཛད་པ། ཉན་ཆེན་རྣམ་ཐར་རིན་ཆེན་སེང་གེས་མཛད་པ། །རིན་ཆེན་སེང་གེའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། ཞང་དཀོན་མཆོག་དཔལ་གྱི་རྣམ་ཐར་དགེ་སློང་དཔལ་ལྡན་གྱིས་མཛད་པ། བྲག་ཕུག་པའི་རྣམ་ཐར་བློ་གྲོས་བརྟན་པས་མཛད་པ། བླ་མ་དམ་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། བློ་གྲོས་བརྟན་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར་མུས་ཆེན་གྱིས་མཛད་པ། བུདྡྷ་ཤྲཱིའི་རྣམ་ཐར་ངོར་ཆེན་གྱིས་མཛད་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་ཁ་སྐོང་དང་བཅས་པ་དཀོན་