R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༤༩༧
[A:༤༩༧]ནོར་བུའི་ཕྲེང་བ་ཅེས་བྱ་བ། འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་འཕྲོས་ཀྱི་ཁ་སྐོང་ལས། གདན་རབས་ཉེར་ལྔ་པ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཉིད་ཀྱི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་གསུང་འཕྲོ་དང༌། ཉེར་བདུན་པ་ཤེས་བྱའི་རྣམ་ཐར་གྱི་འཕྲོ་ནས་བཟུང་གདན་རབས་རིམ་བྱོན་གྱི་རྣམ་ཐར་མདོ་ཙམ་འདྲི་བར་བྱའོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་དཔག་ཏུ་མེད་པ་ཡོད་དེ། གསུང་ངག་རྒྱུན་དུ་འཆད་པ་ལ་བླ་མ་ཚད་མའི་སྐབས་སུ། བརྒྱུད་པ་བར་མ་ཆད་པའི་རྣམ་ཐར་གྱིས་སློབ་མ་རྣམས་མོས་གུས་བསྐྱེད་དགོས་པར་མ་ཟད། རྡོ་རྗེ་འཆང་གི་ངོ་བོར་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་མཆོད་ཅིང་རྟོགས་པ་བརྗོད་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་ཤེས་ནས་ལྷག་བསམ་བསྐྱེད་པར་བྱ་བའི་ཕྱིར་ཏེ། གསང་བ་འདུས་པ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི།