R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 63
[A:63]ཆོས་སུ་སྨྲ་བ་རྣམས་འཁྲིག་པ་གཅོད། ལན་གསུམ་གྱི་རྗེས་ལ་བྷ་ག་ནས་ཉ་ཕྱིས་ཀྱིས་ས་བོན་བླངས་ནས་འཐོར། ནུབ་ཁྱབ་འཇུག་གི་ཞལ་གྱི་མདུན་དུ་འཚེ་བ་ཆོས་སུ་སྨྲ་བ་རྣམས་བྱ་ར་མ་ཧེ་ལ་སོགས་པ་རྣམས་གསོད། ཁྲག་འཐོར། ལྷོ་འཇིགས་བྱེད་ཆེན་པོའི་ཞལ་གྱི་མདུན་དུ་དཀའ་ཐུབ་དང་གཏོང་ཕོད་ཆོས་སུ་སྨྲ་བ་རྣམས་མི་ལྔ་སྟེན་ཏྲི་ཤུ་ལའི་སྟེང་དུ་ཕྱོགས། བསད་ཅིང་མགོ་བསྡུས་ལ་ཡན་ལག་ལྔ་བཏགས། སྡོམ་ཐག་སྟོང་སྟེ་རང་གི་ལུས་སྲོག་གི་མཆོད་པ་འབུལ་ལོ། །དེའི་ཡོན་བདག་རྒྱལ་པོ་ན་ལེནྡྲ་པ་ཏི་ཝར་མའི་མངའ་རིས་ཐམས་ཅད་མུ་སྟེགས་པ་ཡིན་པས་རྒྱལ་པོའི་དྲུང་དུ་སོང་སྟེ། སཾ་ཀྲི་ཏའི་སྐད་དུ་རྒྱལ་པོ་དེ་ལ་བསྟོད་ར་དཔག་ཏུ་མེད་པ་བཏང་བས་ཁོ་ཤིན་ཏུ་མགུ་སྟེ། ཁོའི་བླ་མཆོད་མུ་སྟེགས་རལ་པ་ཅན་ལྔ་བརྒྱ་ཡོད་པའི་དཔོན་དུ་སློབ་དཔོན་སྐོས། ནག་པོ་པ་ལ་མན་ངག་བསྟན་ནས་བསྒོམ་དུ་བཅུག ཌོཾ་བྷི་ཧེ་རུ་ཀ་ལ་རྒྱུད་ལ་ཟིན་ཐུན་མཛད་དེ་བློ་གནས་སྐྱོང་བ་དང་རྟོག་དཔྱོད་སྟོང་དུ་བཅུག སློབ་དཔོན་གྱིས་ཐུགས་དམ་བསྐོངས་ཤིང་བརྒྱད་སྟོང་པའི་པོ་ཏི་གཅིག་ལ་མེ་ཏོག་གི་ཕྲེང་བ་བཏགས། སྤོས་དང་མར་མེ་ཕུལ་ཕྱག་འཚལ་ཤིང་མུ་སྟེགས་ཀྱི་རྟེན་ལ་ཕྱག་མ་བྱས་པས། རལ་པ་ཅན་རྣམས་ཀྱིས་རྒྱལ་པོ་ལ་འདི་སངས་རྒྱས་པ་ཡིན་པ་འདྲ། དབང་ཕྱུག་གི་རྟེན་ལ་ཕྱག་མི་འཚལ་བཟླས་པས། ལེགས་པར་སྦྱར་བའི་སྐད་ཤིན་ཏུ་མཁས་པ་རལ་པ་ཅན་ལྔ་བརྒྱའི་དཔོན་དབང་ཕྱུག་གི་རྟེན་ལ་ཕྱག་མི་འཚལ་བ་མི་སྲིད། ཁྱེད་རྣམས་ཕྲག་དོག་བྱེད་པ་ཡིན་གསུངས། ཚིག་དེ་ཡང་ཡང་བསྙད་པས། ལོ་གསུམ་འདས་པ་ན་རྒྱལ་པོ་བྱོན་