R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 54
[A:54]ཚར་བ་དང་། བྱིན་བརླབས་དང་བསྐྱེད་རྫོགས་རྣམས་ཟུང་འཇུག་གི་གདམས་པ་གནང་ནས། གྲངས་རྟགས་དུས་ཀྱི་བསྙེན་པ་བསྐྱལ། དེའི་དུས་སུ་མཁན་པོ་འདའ་བའི་ཞལ་ཆེམས་ལ། ཤྲཱི་དྷཱརྨཱ་པ་ལ་ང་བས་ཀྱང་མཁས་བཟང་བཙུན་ཡོན་ཏན་དཔག་ཏུ་མེད་པ་མངའ་བས། སྤྱིར་ན་ལེནྡྲའི་ཚོགས་དཔོན། སྒོས་ངའི་གདན་ས་བྱེད་པར་ཞུས། བླ་བྲང་འཁོར་ཐམས་ཅད་གཏོད། བཀུར་བར་འོས་པ་ཡིན་པས་ཐམས་ཅད་ཀྱིས་ང་བས་ཀྱང་ལྷག་པར་ཁུར་ལ་གུས་པར་གྱིས་ཤིག་གསུངས་ནས་འདས། གདུང་བཞུ་བས་ངོ་མཚར་གྱི་བལྟས་དཔག་ཏུ་མེད་པས་བསྟན་པའི་ཞབས་ཏོག་དང་། གདུལ་བྱའི་འདྲེན་པ་ཆེན་པོར་གྱུར་ཏོ། །དེར་རྒྱལ་པོ་ཡོན་མཆོད་དང་བཅས་པས་མཁན་པོའི་ཞལ་ཆེམས་ལྟར་སློབ་དཔོན་ཤྲཱི་དྷརྨཱ་པ་ལ་ལ་ཞུ་རྟེན་ཆེན་པོ་མཛད་དེ། ན་ལེནྡྲའི་བླ་ཆོས་པར་བཀོས། རིགས་མཆོག་ཏུ་གྱུར་པས་རྒྱལ་པོ་ཡབ་ཡུམ་སྲས་ལྕམ་བློན་པོ་ཐམས་ཅད་ཀྱིས་ཆོས་ཞུས། [B:༢བ]ན་ལེནྡྲའི་བླ་མ་དགེ་འདུན་ཐམས་ཅད་དང་། རྒྱལ་ཁམས་ཀྱི་མག་ཚ་ཞང་སྲུ་ཁྱིམ་བདག་སྡེ་དཔོན་ཆེན་པོ་ཐམས་ཅད་ཀྱིས་ཆོས་ཞུས་པས། མཁན་པོའི་གསུང་ལྟར་གྱུར་པས། ཉིན་མོ་འཆད་རྩོད་རྩོམ་པ་ལ་སོགས་པ་གཞན་དོན་དང་། མཚན་མོ་བསྒོམ་སྒྲུབ་ལ་ཤིན་ཏུ་བརྩོན་པར་མཛད་པས། ནད་གདོན་གསར་པ་ཞུགས། རྙིང་པ་ལངས། རྟོག་ངན་འཁྲུགས་ཏེ། རྐྱེན་ངན་སྣ་ཚོགས་ཀྱིས་ལུས་ངག་ཡིད་གསུམ་གདུང་། ལན་རེ་མདའ་ནས་མེ་ཆེན་པོ་འབར། ཕུ་ནས་ཆུ་ཆེན་པོ་འཁྲུག ས་ཆེན་པོ་གཡོས། སྟེང་ནས་འབྲུག་དྲག་པོ་དང་བཅས་ཏེ། མཚོན་ཆའི་ཆར་པ་ཆབ་གྲོམ་དང་རྡོའི་སེ་ར་ཙོ་སྐར་མདའ་ཐོག་ལ་སོགས་པ་