R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 10
[A:10]ནས་ཆོས་ལ་བཅུག་པ་ཡིན་རིགས་སོར་ཆུད་པ་ལ་རིགས་དབྱུང་གི་ཆོ་ག་དགོས་གསུང་
སྙན་པའི་གྲགས་པ་ཆེ་བས། གྲོ་མོ་ན་ཚུར་སྤྱན་འདྲེན་དུ་འོངས་པ་ལ་ལམ་དུ་འཇིགས་པ་ཆེ་བས་གསེར་བཙོ་ཐོད་པ་བམ་རིལ་གྱི་ལྟག་ཁུང་དུ་བླུགས་ཏེ་ལ་ཆས་ཁ་བཅད་ནས་བཙག་དང་རམས་ཀྱི་རི་མོ་བྱས་ཏེ་འོངས་པ་ལ། མོན་ཀུན་ན་རེ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ལྷོ་བལ་དུ་སོང་ཟེར་རོ། །དེ་ཙམ་ན་གྲོ་མོ་ན་ཇོ་བོ་གྷ་ཡ་དྷ་ར་བཞུགས་པ་དང་
ཆུ་འགྲམ་གཅིག་ཏུ
་མཇལ་ནས་ལོ་རྒྱུས་དྲིས་པས། ང་རྒྱལ་བ་མཻ་ཏྲི་བ་ཡིན་གསུངས་པ་དང་། ཆོས་ཀྱང་མཁས་གདམ་ངག་ཀྱང་ཆེ་བར་འདུག་པས་མགུ་ནས་སྤྱན་དྲངས་ཏེ་བོད་དུ་བྱོན་པའི་ལམ་ཀར་སྔར་གྱི་མོན་ཀུན་ན་རེ་ཁ་ནིང་སོང་བའི་འདྲེ་ཡིན་ཟེར་བ་དེ་ཀུན་བོད་ཀྱི་ལོ་ཙཱ་བ་གསེར་མང་པོ་ཁྱེར་ནས་པཎྜི་ཏ་སྤྱན་དྲངས་ནས་ཡོང་གིན་ཡོད་པར་འདུག་ཟེར་ནས། ལམ་ཐམས་ཅད་ན་སྒུགས་ནས་ཡོད་པའི་གཏམ་ལོ་ཙཱ་བས་ཐོས་ནས། ལོ་ཙཱ་བ་དཔོན་གཡོག་གིས་གྲོས་བྱས་འགོས་ཀྱི་སློབ་མ་ཤེས་རབ་སྨོན་ལམ་ན་རེ། བླ་མ་
ལོ་པཎ་
མི་བཞུགས་ན་བོད་ཐམས་ཅད་ཀྱི་མིག་དུས་གཅིག་ལ་ལོང་བ་དང་འདྲ་བ་ཡིན་པས། ངས་བླ་མར་རྫུས་ལ་འགྲོ་ཟེར་ནས་ལོ་ཙཱ་བ་དང་སེ་གཉིས་ཆ་ལུགས་བརྗེས་ཏེ། ལོ་ཙཱ་བས་མུ་ལྟོ་བར་བརྫུས་པས་ཐར། སེ་བླ་མ་ལ་གུས་པ་དང་སེམས་བསྐྱེད་བཟང་པོའི་སྟོབས་ཀྱིས་མ་སོད་པར་ཐར་སྐད། སྤྱིར་བོད་དུ་བླ་མའི་དོན་དུ་སྲོག་གཏོང་ནུས་པ་སེ་ཤེས་རབ་སྨོན་ལས་མ་བྱུང་གསུངས། དེར་ལོ་པཎ་གྱིས་བོད་དུ་བྱོན་པས་
གོ་ཡུལ་དུ
ཇོ་བོ་གྷ་ཡ་དྷ་རའི་སྔར་གྱི་སློབ་མ་ཀུན་དང་ཕྲད་པས། རྒྱལ་སྲས་མཻ་ཏྲི་བ་མིན་པར་འདུག་པས། འགོས་ཀྱིས་བླ་མས་ང་ལ་བརྫུན་བྱས་ཞེས་སྨྲས་