R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 9
[A:9]དྲིན་གྱིས། །ཨ་པོའི་སེམས་
མདོ་སྒྱུ་འཕྲུལ་
ཕྱོགས་ནོར་དུ་བཏང་། །ཟེར་ལོ། དེའི་དུས་སུ་བེར་གྱི་ཐོག་ཏུ་ཚར་མ་ཁུར་བས་གཞན་ན་རེ་བེར་ཆུད་འཛའ་བྱས་པས་ཟུར་པོ་ཆེ་ཆུད་མ་ཟོས་ན་བེར་ཆུད་ཟོས་པས་མི་སྟོ་ཟེར་སྐད། དེ་ལྟར་ཐམས་ཅད་སྡོམ་པས་གསེར་སྲང་ལྔ་བརྒྱ་འཁར་གཞོང་གི་ནང་དུ་བླུགས་ཏེ། བླ་ཆེན་འབྲོག་གིས་ཇོ་བོ་ལ་ཕུལ་བས། གསེར་མངས་པའི་སྟོབས་ཀྱིས་སྒྱུ་མ་ཡིན་ནམ་ཅི་ཡིན་སྙམ་ནས་ཇོ་བོ་
ད་ཁྱོད་
ཡིད་མ་ཆེས་ནས། མང་གར་དྲིལ་ཆེན་གྱི་མི་གང་མང་སར་གསེར་ཁྱེར་ཏེ་བསྟན་ནས། འདི་ཅིར་འདུག་དྲིས་པས་མི་རྣམས་ཀྱིས་གསེར་དུ་གདའ་བྱས་པས། གཟོད་ཡིད་ཆེས་ཏེ་
སློབ་མ་གཅིག་གིས་བླ་མ་གཅིག་ལ་འབུལ་བ་བྱས་པ་དེ་བས་ཆེ་བ་བྱས་པ་མེད་གསུང་། དེས་
མཉེས་ནས་ཅི་འདོད་གསུང་བ་ལ། གསུང་ངག་རིན་པོ་ཆེ
ལ་ལྷག་མ་
བདོག་ན་ཞུ་བྱས་པས་ལྷག་མ་མ་ལུས་པར་བྱིན་པ་དེ་ཡིན་ད་གཅིག་ཀྱང་མེད། གཞན་ཅི་འདོད་གསུང་བ་ལ་འོ་ན་ཇོ་བོའི་དགོངས་པ་འདི་ཡིན་
ནམ་
སྙམ་ནས། གསུང་ངག་རིན་པོ་ཆེ་འདི་བོད་གཞན་ལ་མི་གནང་བར་ཞུས་པས་
འདི་བརྫུན་མེན་པའི་རྟགས་ཡིན་
ཞལ་གྱིས་བཞེས། པཎྜི་ཏ་གསེར་སྣོམས་ནས་རྒྱ་གར་དུ་
ལན་གསུམ་བྱོན་པའི་དང་པོ་
གཤེགས་སོ། །
མར་ལོས་རང་སེང་ལྡེང་གི་སྒ་གཅིག་རྟ་ནག་པོ་ཕུལ་ནས་ཆོས་ཞུས་པས་མ་བྱུང་།
དེ་ནས་དུས་ཕྱིས་
ཡུལ་རྟ་ནག་པ་
འགོས་ཁུ་པ་ལྷ་བཙས་ཀྱིས་
ཀྱང་ཞུས་པས་མ་བྱུང་། དེ་དུས་ན་
རྒྱལ་སྲས་མཻ་ཏྲི་བ
བླ་ཆེན་འབྲོགརྒྱ་གར་ན་ཡོད་ཙ་ན་ལྷོ་དཔལ་ཀྱི་རི་ལ་ཕྱིན་ཟེར་གྱི་འདུག་གཞན་ཀུན་ཐེ་ཚོམ་པ་ཡིན་འདུག ཤ་བ་རི་པ་ལ་སྙིང་པོ་སྐོར་གསན། རྟོགས་པ་ཁྱད་པར་ཅན་བྱུང་རྡོ་རྗེ་གདན་ན་མ་འཕག་ཙམ་ཡོད་པས་མངའ་བདག་རྩོད་པ་ལས་རྒྱལ་བས་རྒྱལ་བ་བྱ་བ་ཡིན། ནཱ་རོ་ཏ་པའི་ཉེ་འབྲེལ་བྲམ་ཟེ་མུ་སྟེགས་ཡིན། ནཱ་རོ་ཏ་པ་རིགས་ཕབ་