R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 12
[A:12]འབའ་ཞིག་བྱས་
བསྒྲུབ་པ་
ཙམ་
མ་བྱས་ཀྱང་སྔགས་པ་འཆི་ན་འདི་ལྟར་འཆི་བ་ཡིན་གསུངས་ནས། ལུས་སྐྱིལ་ཀྲུང་མཛད་རྡོ་རྗེ་དྲིལ་བུ་ཕྱག་གཉིས་སུ་བཞེས་ཏེ་
འོད་ཀྱི་གོང་བུའི་
འཕོ་བ་མཛད་པས། སྤྱི་གཙུག་ནས་འོད་རིལ་བ་ཙམ་གཅིག་འཐོན་ནས་ནམ་མཁའ་ལ་
ཐམས་ཅད་ཀྱིས་
མཐོང་གི་བར་དུ་སོང་ནས་སྐུ་འདས། ཕྱིས་ཇོ་བོའི་ཐུགས་དམ་དཔལ་ཀྱཻ་རྡོ་རྗེའི་བྲིས་སྐུ་དང་བརྟག་གཉིས་ཀྱི་དཔེ་རྣམས་དགེ་བཤེས་སེ་རོག་གཉིས་ཀྱི་སློབ་མ་
ཉེ་གནས་
འཕགས་པ་ཆོས་སྣང་ལ་ལྷ་རྟེན་
དུ་
གནང་།
ཆོས་སྣང་དང་ནག་སྟོན་དཔོན་སློབ་ཡིན་པ་
དེས་ནགས་སྟོན
ལོ་ཙཱ་
ལ་ཕུལ་
ནགས་སྟོན་དང་བླ་ཆེན་ཕར་སློབ་ཚུར་སློབ་ཡིན་པ་ཆོས་འཁོར་ལ་སློབ་དཔོན་རིན་པོ་ཆེ་བྱོན། རྒྱ་དཔེ་དེ་རེས་མ་ཕུལ་འབུམ་བཅུ་བཞི་དུམ་གཅིག་ཕུལ་
དྲིལ་བུའི་ཡུ་བ་ཆག་འདུག་གསུངས། རྡོ་རྗེ་པ་རུ་མཚམས་སུ་བྱོན་ཙམ་ན་གཡུང་སྟོན་བྱ་བ་གཅིག་གི་ལག་ན་འདུག གུར་ཚར་གཅིག་ཞུ་འདི་འབུལ་ཟེར་བ་ལ་ས་སྐྱ་མིན་པར་རྒྱུད་
ཉན་པས་དང་པོ་རྒྱུད་བཤད་འཕྲོ་ལ་དགེ་བཤེས་གྲྭས་པ་མང་པོ་བྱུང་
རྒྱུད་གཉན་པོ་བཤད་མི་ནུས་གསུངས། ཕྱིས་
ཡིག་བརྒྱའི་ཐུན་བྱས་ནས་
བཤད་ནས་རྡོ་རྗེ་དེ་ལེན་པ་ཡིན་པ་ལ་གསུང་།
བྲིས་སྐུ་དང་བརྟག་གཉིས་
ནགས་སྟོན་ལོ་ཙཱ་བ་ལས་བརྒྱུད་དེ་ས་སྐྱར་བྱོན་ནས་ད་ལྟ་ཡང་ས་སྐྱ་ན་བཞུགས། དྲིལ་བུ་ཡིན་ཟེར་བ་གཅིག་ཀྱང་རྗེ་རུ་མཚམས་སུ་བྱོན་ཙམ་ན་ཕྱག་ཏུ་བྱོན་ནས་ད་ལྟའང་ས་སྐྱ་ན་ཡོད་དོ། །དེ་རྣམས་ཀྱིས་ཇོ་བོ་གྷ་ཡ་དྷ་ར་ལས་འཕྲོས་པ་བར་སྐབས་ཀྱི་ལོ་རྒྱུས་ཡིན་གསུངས། ། ༈ །དེ་ལྟ་བུའི་བླ་མ་ལ་གསུང་ངག་རིན་པོ་ཆེའི་མཛོད་རྙེད་པའི་རྗེ་མུ་ལུང་པ་དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་མངའ་ཞེ་ན་
མཁས་པ་མངའ་རིག་པ
། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་
ལུས་གཅིག་ནས་གཉིས་སུ་སྤྲུལ་པ་དང་སྦྱིན་སྲེག་གི་ཐབ་ནས་ཡོ་